ཇོ་མོ་གླང་མའི་རྩེར་དཔལ་འབར་འཁྱེར་རྒྱུར་དཀའ་ངལ་འཕྲད་བཞིན་པ།

རི་བོ་ཇོ་མོ་གླང་མའི་རྩེར་གངས་རྒྱབ་པའི་རྐྱེན་གྱིས་ཨོ་ལིམ་པིཀ་དཔལ་འབར་ དེ་ཉིན་ཤས་རྗེས་རི་རྩེར་འཁྱེར་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་འདུག

2008.05.05

༄༅༎ཁ་ཉིན་ཉིན་གཉིས་རིང་ཇོ་མོ་གླང་མའི་རི་རྩེར་གངས་རྒྱབ་པའི་རྐྱེན་གྱིས་ཨོ་ལིམ་པིཀ་

དཔལ་འབར་དེ་རི་རྩེར་འཁྱེར་ཐུབ་མེད་ཀྱང་རེས་གཟའ་ཟླ་བ་སྔ་ཐོག་གནམ་གཤིས་ཡག་པོ་

བསྟེན་པའི་རྐྱེན་གྱིས་དཔལ་འབར་རི་རྩེར་གང་མགྱོགས་འཁྱེར་ཐུབ་རྒྱུའི་རེ་བ་བྱས་ཀྱང་དེ་རྗེས་

གནམ་གཤིས་ཐོག་འགྱུར་ལྡོག་ཕྱིན་དེ་ད་ཆ་ཉིན་ཤས་རྗེས་མ་གཏོགས་འབད་བརྩོན་བྱེད་རྒྱུ་

ལས་འདས་མེད་སྐོར་རྒྱ་ནག་གི་དཔོན་རིགས་ཚོས་གསུང་ཡོད་པ་རེད་ རྒྱ་ནག་གི་རི་འཛེགས་

ཚོགས་པའི་མགྲིན་ཚབ་པ་ཀྲང་ཅི་ཇན་ཡིས་གངས་ཆེན་པོ་རྒྱབ་པ་དས་ང་ཚོར་དཀའ་ངལ་སྤྲད་ཀྱང་

དེས་ང་ཚོར་ཕན་ཁྱད་ཆེན་པོ་འགྲོ་རྒྱུ་མིན་པ་དང་རི་རྩེར་འཛེགས་རྒྱུའི་འཆར་གཞི་དེ་སྔར་མུས་བཞིན་

འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག ཉེ་ལམ་ཨོ་ལིམ་པིཀ་ཀྱི་དཔལ་འབར་དེ་རྒྱལ་སྤྱིའི་ཐོག་བསྐོར་བསྐྱོད་

བྱེད་སྐབས་བོད་མི་དང་བོད་དོན་རྒྱབ་བསྐྱོར་གནང་མཁན་རྣམས་ཀྱིས་དཔལ་འབར་ཐོག་ངོ་རྒོལ་

ཤུགས་ཆེ་གནང་སྟབས་ད་ཐེངས་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་དཔལ་འབར་ཐོག་ངོ་རྒོལ་

བྱེད་མཁན་མི་བྱུང་བ་གཙོ་དོན་དང་གསང་རྒྱ་ཅི་ཆེ་བྱེད་ཀྱི་ཡོད་པ་རེད་ ཡིན་ནའང་རྒྱ་ནག་གི་

རི་འཛེགས་ཚོགས་པའི་མགྲིན་ཚབ་པས་ཇོ་མོ་གླང་མའི་རི་རྩེར་ཨོ་ལིམ་པིཀ་དཔལ་འབར་འཁྱེར་མཁན་

ཐོག་གངས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་ཡོད་པའི་ངོས་ལེན་བྱས་ཡོད་པ་རེད་ ཡང་མགྲིན་ཚབ་པ་ཀྲང་ཡིས་རི་རྩེར་སླེབས་པ་བྱེད་རྒྱུའི་ཐག་གཅོད་དེ་རི་འཛེགས་རུ་ཁག་གི་

འགོ་འཁྲིད་ཀྱིས་བྱེད་རྒྱུ་ཡིན་པ་དང་དེ་ཡང་གནད་དོན་མང་དག་ཅིག་ལ་བསམ་བློ་བཏང་ནས་

བྱེད་རྒྱུ་ཡིན་སྐོར་བརྗོད་འདུག རྒྱ་ནག་གིས་ཨོ་ལིམ་པིཀ་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་

འཁྱེར་ནས་ཡུལ་འཛམ་གླིང་ནང་གང་ཅིའི་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་བོད་ཀྱི་ས་ཁུངས་སུ་

ཡོད་པའི་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རི་དེ་རྒྱ་ནག་གི་མངའ་ཁོངས་ཡོད་སྐོར་

འཛམ་གླིང་ཐོག་ཁྱབ་བསྒྲགས་བྱེད་རྒྱུའི་ཆེད་དམིགས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎