བལ་ཡུལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ།

བལ་ཡུལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱི་ལས་ཁུངས་ཟླ་བ་གསུམ་རིང་ནར་འགྱངས་དགོས་པའི་འབོད་སྐུལ་ཞུས་གནང་འདུག

2010.01.09

༄༅།།བལ་ཡུལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱི་ལས་ཁུངས་ཟླ་བ་གསུམ་རིང་ནར་འགྱངས་དགོས་པའི་འབོད་སྐུལ་ཞུས་གནང་འདུག

བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ལ་སྙན་ཞུ་ཞིག་ཕུལ་བའི་ནང་ བལ་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་འདི་ལོ་ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་གསུམ་ཉིན་སྒོ་རྒྱབ་རན་ཡོད་པ་དེ་ཕྱི་ཟླ་ལྔ་པའི་ཚེས་བཅོ་ལྔ་བར་ཉིན་གྲངས་༩༧ཉིན་རིང་འཕར་འགྱངས་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ རེས་གཟའ་སྤེན་པའི་ཀཐ་མན་གྲུ་ཕོ་ཉའམ་ཞེས་པའི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་དོན་ལྟར་ན་བལ་ཡུལ་ནང་དམར་ཤོག་ཚོགས་པ་དང་གཞུང་གི་དམག་མི་དང་གོ་མཚོན་ལག་ཆའི་ཐོག་ཞིབ་འཇུག་སྟངས་འཛིན་ཆེད་དམིགས་སུ་བཀར་ནས་བཙུགས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་དུས་ཡུན་འཕར་འགྱངས་ཞུས་པ་ཐེངས་བཞི་པ་དེ་ཆགས་ཡོད་ སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་མཆོག་གིས་ཉིན་གྲངས་༡༡༢ནང་ཚུད་དེ་སྔའི་གྱེན་ལོག་པའི་དམག་མི་རྣམས་གཞུང་གི་དྲག་པོའི་སྒྲིག་འཛུགས་ནང་བརྡ་བསྒྲིལ་ལམ་ཡང་ན་དེ་མིན་འཚོ་རྟེན་ཡུན་གནས་ཀྱི་མཐུན་འགྱུར་འགྲུབ་རྒྱུའི་འཆར་གཞི་ཞིག་རྒྱལ་ཚོགས་ལ་ཕུལ་ཡོད་འདུག་ རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་འདི་ཚེས་བཅུ་གཅིག་ཉིན་བལ་ཡུལ་གྱི་ཞུ་གཏུགས་དེ་གྲོས་བསྡུར་གནང་གཏན་འཁེལ་ཡོད་པ་དང་ ཚེས་བཅོ་ལྔ་ཉིན་སྲུང་སྐྱོབ་ལྷན་ཁང་གི་གཏན་འཇགས་ཚོགས་ཞུགས་རྒྱལ་ཁབ་ཚོས་ཟུར་དུ་གྲོས་མོལ་མཇུག་སྐྱོང་གནང་རྒྱུ་ཡིན་ལུགས་ རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་གསུངས་གནང་འདུག༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎