བལ་གཞུང་མང་དབར་འབྲེལ་བ་གནང་རྒྱུའི་ལས་རིམ་གསར་པ།
2011.10.16
༄༅༎རེས་གཟའ་ཉི་མའི་ཉིན་གསལ་བསྒྲགས་བྱས་པའི་ལས་རིམ་དེའི་མིང་ལ་ཧེ་ལོ་གཞུང་ཞེས་པའི་ལས་རིམ་ནང་ད་ནས་བཟུང་མི་མང་ཚོས་གཞུང་ལ་ཐད་ཀར་སོ་སོའི་བདེ་སྡུག་ཞུ་དགོས་ན་རིན་པ་སྤྲོད་མི་དགོས་པའི་ཁ་དཔར་དང་མགྱོགས་འཕྲིན་ཐོག་ཐད་ཀར་འབྲེལ་ལམ་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་འདུག། རིན་པ་སྤྲོད་མི་དགོས་པའི་ཁ་པར་ཨང་གྲངས་ནི། ༡༡༡༡དང་མགྱོགས་འགྲིན་ཕེཀྶེ་(Fax) ཨང་གྲངས་༡༡༡༠ཡིན་འདུག། མཐུན་རྐྱེན་དེ་གཉིས་ཉིན་མཚན་མེད་པར་ཆུ་ཚོད་༢༤འི་རིང་བེད་སྤྱོད་གཏོང་ཆོག་གི་ཡོད་འདུག། མི་མང་ཚོས་ལས་འགུལ་དེར་དགའ་མོས་ཆེན་པོ་ཡོད་པའི་རྣམ་པར་ཨ་དཔར་དང་མགྱོགས་འཕྲིན་གཏོང་འགོ་བཙུགས་ཡོད་ལུགས་སྲིད་བློན་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེ་པུརྴོ་ཏམ་ཁྭ་ནལ་གྱིས་གསར་འགོད་པ་འགྲེལ་བརྗོད་གནང་འདུག། ཁ་པར་ལེན་མཁན་ལས་བྱེད་གཉིས་དང་ཀམ་པུ་ཀྲར་ཆེད་ལས་གཅིག་དང་རོགས་པ་གཅིག་ འགན་འཛིན་དྲུང་ཆེ་གཅིག་བཅས་ཟུར་དུ་བསྐོ་གཞག་གནང་ཡོད་ལུགས་གོང་ཞུས་མགྲིན་པས་གསུངས་གནང་འདུག། མང་ཚོགས་ཀྱི་བདེ་སྡུག་གང་ཞུས་པ་རྣམས་གལ་ཆེ་ཆུང་གོ་རིམ་སྒྲིག་ནས་སྲིད་བློན་གྱི་ལས་ཁུངས་ལ་ལག་བསྟར་ཆེད་ཕུལ་རྒྱུ་ཡིན་པ་དང་། མི་མང་ཚོས་བློ་འཚབ་ཆེ་ཤོས་ཤིག་རྒྱ་ལམ་དང་སྲང་ལམ་ཁག་གི་གནས་སྟངས་སྐོར་ཡིན་སྐོར་འགྲེལ་བརྗོད་བྱས་འདུག༎