ལུང་ཆོན་དགོན་པའི་དགོན་བདག་གི་ཆག་སྲེད་གནད་དོན་ཐད་ཞིག་འཇུག


2018.08.23
རྒྱ་ནག་གི་(Longquan) དགོན་པ་ཟེར་བའི་མཁན་པོ་(Xuecheng) རྒྱ་ནག་གི་(Longquan) དགོན་པ་ཟེར་བའི་མཁན་པོ་(Xuecheng)
AFP

རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོས་ལས་གནས་ནས་དགོངས་པ་ཞུ་དགོས་ཐུག་པ་དང་ད་ཆ་ཉེན་རྟོག་ཚན་པས་གྱོད་དོན་དེའི་ཐོག་རྩད་ཞིབ་བྱེད་ཀྱིན་པ་རེད་འདུག
དེ་ཡང་ཨེ་ཕིས་གསར་ལས་ཁང་གིས་ཕྱི་ཚེས་༢༣་ཉིན་པེ་ཅིན་ནས་གནས་ཚུལ་སྤེལ་དོན་ལྟར་ན། ཉེན་རྟོག་པས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ལུང་ཆོན་དགོན་པའི་དགོན་བདག་དང་གྲྭ་བ་སྐད་གྲགས་ཅན་ཞེ་ཁྲིན་ཀྱིས་དགེ་སློང་གི་འདུལ་ཁྲིམས་དང་འགལ་བའི་ཆགས་སྲེད་ཀྱི་བྱ་སྤྱོད་བརྩམས་པའི་དོགས་གཞིའི་འོག་རྩད་གཅོད་བྱེད་བཞིན་པ་དེས་རྒྱ་ནག་ནང་(MeToo)ཞེས་པའི་བུད་མེད་ལ་ཆགས་སྲེད་དང་འབྲེལ་བའི་དོན་རྐྱེན་ཇེ་མང་དུ་འགྲོ་བཞིན་པའི་མངོན་རྟགས་བྱུང་ཡོད་པ་རེད། དེའང་ཉིན་ཤས་གོང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་བའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་འཚོགས་སྐབས་ལུང་ཆོན་དགོན་པའི་དགོན་བདག་ཞེ་ཁྲིན་གྱིས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་གོ་གནས་ནས་རྩ་དགོངས་ཞུས་བར་ངོས་ལེན་བྱས་ཡོད་ཅེས་བཀོད་དེ་ཁོའི་ཚབ་ཏུ་ཚོགས་གཞོན་ནས་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཐམས་ཅད་གནས་སྐབས་རིང་གཙོ་སྐྱོང་གནང་རྒྱུ་ཡིན་ཚུལ་བརྗོད་འདུག་ལ་གཞན་རྒྱ་ནག་དབུས་ཆོས་ལུགས་དོ་དམ་ལས་ཁུངས་ནས་གཟའ་ཕུར་བུའི་ཉིན་ཕྱི་བསྒྲགས་ཤིག་སྤེལ་བའི་ནང་། ཉེན་རྟོག་པས་གོང་བརྗོད་གྲྭ་བ་དེའི་ཆགས་སྲེད་དོན་རྐྱེན་ཐད་རྩད་ཞིབ་བྱེད་བཞིན་པའི་ཁར་ནང་བསྟན་མཐུན་ཚོགས་ཀྱི་ངོས་ནས་ཀྱང་དགེ་སློང་གི་འདུལ་ཁྲིམས་ལ་གཞིགས་ནས་ཉེས་ཁྲིམས་ཕོག་གི་ཡོད་ཚུལ་གསལ་ཡོད་པ་རེད། ཡིན་ཡང་ཞེ་ཁྲིན་གྱིས་ཆགས་སྲེད་ཀྱི་གྱོད་དོན་དེར་ངེས་ལེན་བྱེད་ཀྱི་མེད་པ་རེད། ཟླ་བ་འདིའི་ཟླ་མགོར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དུ་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་པེ་ཅིན་ཉེ་འགྲམ་གྱི་སྐད་གྲགས་ཅན་གྱི་ལུང་ཆོན་དགོན་པའི་དགོན་བདག་ཞེ་ཁྲིན་གྱིས་བུད་མེད་དང་ཆགས་སྲེད་ཀྱི་གནས་ཚུལ་སོགས་སུན་འབྱིན་གྱི་ཤོགས་གྲངས་༩༢ཅན་གྱི་ཡིག་ཆ་ཞིག་སྤེལ་ཏེ་རྒྱ་ནག་གི་ནང་བསྟན་དཔོན་རིགས་ཀྱི་བྱ་སྤྱོད་དེ་དོ་སྣང་བྱེད་ཡུལ་དུ་གྱུར་བ་མ་ཟད། དེ་ནི་རྒྱ་ནག་ནང་བུད་མེད་ལ་ཆགས་སྲེད་བརྙས་བཅོས་ཐད་ངོ་རྒོལ་གྱི་ལས་འགུལ་ཞིག་ཨ་རི་གཙོས་ནུབ་ཕྱོགས་སུ་སྤེལ་བཞིན་པ་དེ་རྒྱ་ནང་ལའང་ཁྱབ་གདལ་འགྲོ་བཞིན་པར་ངོས་འཛིན་བྱེད་བཞིན་པ་རེད།

གསར་འགོད་པ་བོད་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎