རྒྱ་ནག་གི་དགོས་འདུན་ལ་ཉི་ཧོང་གིས་ཁས་ལེན་བྱས་མེད་པ།

ཉི་ཧོང་གཞུང་གིས་རྒྱ་ནག་ལ་དགོངས་སེལ་ཞུ་རྒྱུའི་དགོས་འདུན་བཏོན་པར་ཉི་ཧོང་གཞུང་གིས་ཁས་ལེན་བྱས་མེད་པ་རེད།

2010.09.25

༄༅༎ཉེ་ཆར་ཉི་ཧོང་གིས་ཤར་རྒྱ་ནག་རྒྱ་མཚོའི་་མཚོ་གླིང་ཁུལ་ནས་རྒྱ་ནག་གི་ཉ་པའི་གྲུ་གཟིངས་བཀག་སྡོམ་དང་གྲུ་དཔོན་དོ་དམ་བཀག་ཉར་བྱས་པའི་གནད་དོན་ཐོག་ཉི་ཧོང་གཞུང་གིས་རྒྱ་ནག་ལ་དགོངས་སེལ་ཞུ་རྒྱུའི་དགོས་འདུན་བཏོན་པར་ཉི་ཧོང་གཞུང་གིས་ཁས་ལེན་བྱས་མེད་པ་རེད་  

ཉི་ཧོང་གི་བཀག་ཉར་དོ་དམ་བྱས་པའི་རྒྱ་ནག་གི་གྲུ་དཔོན་ཙའུ་ཆིའི་ཞུང་གཟའ་སྤེན་པའི་སྔ་དྲོ་ཉི་ཧོང་གིས་གློད་བཀྲོལ་བཏང་སྟེ་རྒྱ་ནག་ཕུའུ་ཀྲའུ་དུ་འབྱོར་ཡོད་མ་ཐགརྒྱ་ནག་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་སྤེལ་ནས་ ཉི་ཧོང་གིས་རྒྱ་ནག་གི་བག་དབང་མངའ་ཁུལ་ལ་བཙན་འཛུལ་དང་ རྒྱ་ནག་གི་མི་མང་གི་འགྲོ་བ་མིིའི་ཐོབ་ཐང་ལ་རྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ལ་ངོ་རྒོལ་ཤུགས་ཆེ་ཡོད་ལུགས་བརྗོད་ཡོད་པ་མ་ཟད་ གསལ་བསྒྲགས་དེའི་ནང་ ཤར་རྒྱ་ནག་རྒྱ་མཚོའི་ཏེའོ་ཡུའུ་མཚོ་གླིང་གི་བདག་དབང་རྒྱ་ནག་ལ་ཡོད་ལུགས་བསྐྱར་བཟློས་བྱས་ནས་ཡུལ་གྲུ་གཉིས་དབར་མཚོ་གླིང་དེའི་བདག་དབང་གནད་དོན་ཐོག་རྩོད་གླེང་ཡོད་པ་སེལ་ཐབས་བྱེད་དགོས་ལུགས་དང་   ད་དུང་ ཉི་ཧོང་གཞུང་གིས་རྒྱ་ནག་གི་གྲུ་དཔོན་བཀག་ཉར་དོ་དམ་བྱས་པའི་དོན་རྐྱེན་དེའི་ཐོག་ངེས་པར་དུ་དགོངས་སེལ་ཞུ་དགོས་པའི་ཁར་ གུན་གསབ་སྤྲོད་དགོས་ལུགས་བརྗོད་ཡད་པ་རེད་ ཡིན་ནའི་རྒྱ་ནག་གཞུང་གིས་གོང་ཞུས་གསལ་སྒྲགས་དེར་ཉི་ཧོང་ཕྱི་སྲིད་བློན་ཆེན་ནས་གསལ་བསྒྲགས་ཞིག་འགྲེམས་སྤེལ་གནང་བའི་ནང་སེན་ཀ་ཀུ་མཚོ་ཐོག་གླིང་ཕྲན་གྱི་བདག་དབང་གནད་དོན་སེལ་ཐབས་བྱེད་དགོས་་མེད་པ་དང་ རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲུ་དཔོན་དོ་དམ་བཀག་ཉར་བྱས་པའི་གནད་དོན་ཐོག་ཉི་ཧོང་གིས་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་དེ་ནི་རྒྱུ་ཚན་གང་ཡང་མེད་པ་ཞིག་ཡིན་པས་ ཉི་ཧོང་གིས་ཁས་ལེན་བྱེད་ཐབས་མེད་པ་ལན་འདེབས་གནང་ཡོད་པ་རེད 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎