ཨོ་རི་ཤ་དང་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་འཚམས་འཕྲིན་གནང་བ།
2019.05.25

༄༅༎ད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་༥ཚེས་༢༥འཁོད་པའི་ཨོ་རི་ཤ་དང་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོ་སོར་འཚམས་འཕྲིན་རྩལ་གནང་བའི་ནང་། ཁོང་རྣམ་གཉིས་ཀྱི་ཚོགས་པར་མངའ་སྡེའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་ཨོ་རི་ཤ་མངའ་སྡེའི་སྤྱི་ཁྱབ་Navin Patnaik མཆོག་ལ་། ༧གོང་ས་མཆོག་འདས་པའི་དུས་ཡུན་རིང་ཨོ་རི་ཤའི་མངའ་སྡེའི་ནང་ཐེངས་འགའ་ཤས་ཕེབས་མྱོང་ཡོད་པ་མ་ཟད་སྤྱི་ཁྱབ་བློན་ཆེན་མཆོག་མཇལ་འཕྲད་ཀྱང་ཐེངས་འགའ་ཤས་གནང་ཡོད་པ་དང་།ལྷག་པར་དུ་ཉེ་བའི་ཕྱི་ལོ་ ༢༠༡༧ ལོར་ཁུལ་དེར་ཕེབས་པའི་སྐབས་མངའ་སྡེའི་ནང་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེ་གཟིགས་རྒྱུ་བྱུང་ལ་དམིགས་བསལ་ཉམས་ཐག་མང་ཚོགས་ཀྱི་ཐོག་གཟིགས་སྐྱོང་གནང་ཡོད་པའང་ཐུགས་ཞིབ་བྱུང་ཞེས་བཀའ་གནང་ཡོད་འདུག
དེ་དང་ཕྱོགས་མཚུངས་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལ། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་འདྲིས་ཆེན་པོ་གནང་བ་དང་། ལྷག་པར་དུ་མངའ་སྡེའི་མི་མང་གི་༧གོང་ས་མཆོག་ཁུལ་དེར་ཐེངས་མང་ཆིབས་བསྒྱུར་གནང་བའི་སྐབས་དགའ་གུས་ཞུ་བཞིན་པ་བཅས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀའི་འཚམས་འཕྲིན་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་འདི་བཞིན་ང་ཚོ་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་འཁོར་གྱི་ཡོད་རེད་ལ་ཨོ་རི་ཤ་དང་། ཨ་རུ་ན་ཅལ་མངའ་སྡེ་གཉིས་ནང་བོད་པའི་གཞིས་ཆགས་ཡོད་སྟབས། བོད་མི་ཚོ་ལའང་མངའ་སྡེ་གཉིས་ཀྱི་ནང་ད་བར་མཐུན་འགྱུར་རོགས་རམ་གནང་བར་ད་རེས་གོ་སྐབས་འདི་བཟུང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག་མངའ་སྡེའི་མི་མང་གི་མངོན་འདོད་ལྟར་ཕྱག་ལས་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་ཅེས་བཀའ་གནང་ཡོད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།