༧གོང་ས་མཆོག་གིས་ཐུཊ་རྗེ་ཆེན་པོའི་བཀའ་དབང་བསྩལ་བ།

༧གོང་ས་མཆོག་གིས་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མི་བཟང་པོ་ཞིག་བྱོས་དང་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཆཊ་རྒྱུ་རེད་གསུངས་འདུག

བཞུགས་སྒར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་༸གོང་ས་མཆོག་ནས་བོད་རིགས་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་སྩོལ་བཞིན་པ། ༸གོང་ས་མཆོག་གི་དྲ་གནས།
༧གོང་ས་མཆོག་གིས་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མི་བཟང་པོ་ཞིག་བྱོས་དང་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཆཊ་རྒྱུ་རེད་གསུངས་འདུག བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུཊ་སྒར་རྡ་རམ་ས་ལའི་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་བོད་པའི་གཞོན་སྐྱེས་གཙོ་བོར་གྱུར་བའི་དད་ལྡན་པ་༤༣༠༠་བརྒལ་བར་ཐུཊ་རྗེ་ཆེན་པོའི་བཀའ་དབང་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་། ང་ཚོ་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ཎ་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཆཊ་ཡོད། ཀླུ་སྒྲུབ་ཡབ་སྲས་རྣམ་པས་གསང་སྔཊ་རྡོ་རྗེ་ཐེག་པའི་ཆོས་ཉམས་བཞེད་གནང་ཡོད་སྐོར་དང་། ང་ཚོ་བོད་པར་ཆུང་ཆུང་སྐབས་ནས་འབུ་སྲིན་གསོད་རྒྱུ་མེད་པའི་གོམས་གཤིས་ཤིག་ཡོད། དཔེར་ན་གཞུང་ཞབས་ཤིག་དེ་སྔ་ཨ་རིར་ཕྱིན་ཏེ་སློབ་གྲ་ཞིག་གི་ཐབ་ཚང་ནང་སྔོ་ཚལ་གཙང་བཟོའི་ལས་ཀ་བྱས་སྐབས་སྔོ་ཚལ་ནང་ནས་འབུ་སྲིན་ཐོན་ན་སྒྲུག་ཏེ་ལས་ཀ་ཚར་བའི་རྗེས་སུ་ཕྱིར་གློད་པར་འགྲོ་ཡི་ཡོད་པ་དང་། ཐོག་མར་ཁོང་གི་ལས་རོགས་ཚོས་དེ་འདྲ་བྱས་ཏེ་དགོས་པ་མེད་སྐོར་བརྗོད་ཀྱང་ཕྱིས་སུ་ཁོང་ཚོས་དེ་ལྟར་བྱེད་བཞིན་འདུག་ཅེས་བརྗོད་བྱུང་། མདོར་ན་རང་ལས་གཞན་གཅེས་ཞེས་པ་ནི་རང་ཉིད་བློས་གཏོང་བྱེད་དགོས་སྐོར་བརྗོད་ཀྱི་མེད། རང་དང་གཞན་གཉིས་ཀྱི་བདེ་བ་སྒྲུབ་རྒྱུར་བྱང་ཆུང་སེམས་སྒོམ་པ་ལས་ལྷག་པ་མེད། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་མི་བཟང་པོ་ཞིག་བྱོས་དང་། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཆཊ་ཀྱི་རེད། རང་རྒྱལ་གཞན་ཕམ་གྱིས་བསམ་བློ་བཏང་ན་འཛམ་གླིང་ཞི་བདེ་ཡོང་ཐབས་མེད་པར་བརྟེན་གཞན་ཕན་གྱི་བློ་ཞིག་རྒྱུད་ལ་འཇགས་ཐུབ་ན་ཉ་སོགས་གསོད་རྒྱུས་མཚོན་སྲོག་ཆཊ་མང་པོར་བརྡབ་གསིག་ཉུང་དུ་འགྲོ་གི་རེད། དེ་བཞིན་ང་ཚོ་མི་ནང་ཁུལ་གསོད་རེས་དང་མགོ་སྐོར་གཏོང་རྒྱུའི་རིགས་ཕལ་ཆེར་ཡོང་གི་མ་རེད་ཅེས་བཀའ་བསྩལ་བའི་རྗེས་སུ་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་འདུག་ལ་བྱང་ཆུབ་སེམས་དཔའ་དང་གསང་སྔགས་ཀྱི་སྡོམ་པ་སྒྲུབ་འདོད་པ་ཚོར་སྡོམ་པ་འབོཊ་ཆོག་བསྩལ་འདུག གསར་འགོད་པ་བསོད་ནམ་ལྷ་མོ།

གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་གནས་ཚུལ་བཏང་བར་གསན་རོགས།

 

གསར་འགོད་པ་བློ་བྷེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org