བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་གྱིག་ཤོག་བཀག་སྡོམ་བྱ་རྒྱུ།

བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁྱོན་ཡོངས་སུ་གྱིག་ཤོག་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་འདུག

2010.07.17

༄༅༎བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁྱོན་ཡོངས་སུ་གྱིག་ཤོག་བེད་སྤྱོད་བྱ་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག

ད་རེས་གཟའ་པ་སངས་ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་ཆེད་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁྱོན་ཡོངས་སུ་ཚོང་ཁང་དང་ ཟ་ཁང་སོགས་ཚང་མའི་ནང་གྱིག་ཤོག་བེད་སྤྱོད་བྱ་རྒྱུ་ད་ལོ་ལོ་མཇུག་ནས་བཀག་སྡོམ་བྱ་རྒྱུའི་སྲིད་བྱུས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་པ་དང་ སྤྱིར་བཏང་ལོ་ངོ་གཉིས་ཀྱི་གོང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཚོང་ཁང་སོགས་ཀྱིས་དངོས་ཟོག་གླུག་རྒྱུར་གྱིག་ཤོག་བེད་སྤྱོད་བྱེད་ཡས་ལ་བཀག་སྡོམ་གྱི་སྲིད་བྱུས་འཛིན་ཡོད་ན་ཡང་ བོད་ཀྱི་ས་ཁུལ་གཞན་མང་ཆེ་བའི་ནང་ ཚོང་ཁང་སོགས་ཀྱི་དངོས་པོ་གླུག་རྒྱུར་གྱིག་ཤོག་མུ་མཐུད་ནས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། ཚོང་ཁང་དང་ཟ་ཁང་སོགས་ཀྱི་གྱིག་ཤོག་ཕོན་ཆེ་བེད་སྤྱོད་བྱེད་ཀྱི་ཡོད་པ་དེས་གྱིག་ཤོག་དེ་རིགས་བེད་སྤྱོད་ཐེངས་གཅིག་བཏང་སྟེ་གཡུགས་པར་བརྟེན་ནས་ས་ཆ་གང་སར་གྱིག་ཤོག་གི་གད་རྙིགས་ཕུང་གི་ཡོད་པ་མ་ཟད་ གྱིག་ཤོག་དེ་རིགས་གད་རྙིགས་གཞན་ལྟར་རྩ་མེད་བཟོ་ཐུབ་ཐབས་མེད་པས་ དེས་ས་གནས་ཀྱི་ཁོར་ཡུག་ལ་གནོད་ཚབ་ཆེན་པོ་བཟོ་གི་ཡོད་སྟབས་བོད་ཀྱི་ས་ཁུལ་ཡོངས་སུ་གྱིག་ཤོག་རིགས་བེད་སྤྱོད་བྱརྒྱུར་བཀག་སྡོམ་གྱི་སྲིད་བྱུས་འཛིན་རྒྱུ་དང་ གལ་སྲིད་ཚོང་ཁང་དང་ཟ་ཁང་སོགས་ཀྱིས་དངོས་ཟོག་ཉོ་སྒྲུབ་བྱེད་མཁན་ཚོར་མུ་མཐུད་ནས་གྱིག་ཤོག་བེད་སྤྱོད་བྱས་ཚེ་དེ་དག་ལ་དཔལ་འབྱོར་དང་ ཐ་ན་ཁྲིམས་ཐོག་ནས་ཉེས་པ་བཅོད་རྒྱུ་ཡིན་ལུགས་ བོད་རང་སྐྱོང་ལྗོངས་ཀྱི་དེའི་སྐོར་ལ་སྤེལ་བའི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད་

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎