ཕི་ལི་པིནསི་དམག་མི་དང་གྱེན་ལོག་པའི་དབར་འཐབ་རྩོད་བྱུང་བ།
ཕི་ལི་པིནསི་ནང་གཞུང་གི་དམག་མི་དང་ཁ་ཆེའི་གྱེན་ལོག་པ་ཚོའི་དབར་འཐབ་རྩོད་ནང་དཔོན་རིགས་གཅིག་དང་དམག་མི་བདུན་རྨས་ཡོད་འདུག
-
2008-10-12 -
-
-
༄༅༎རེས་གཟའ་ཉི་མའི་ཉིན་ཕི་ལི་པིནསི་ཡི་ལྷོ་ཕྱོགས་ཀྱི་མཚོ་གླིང་མིན་རྡ་ནའོ་ཞེས་པར་གཞུང་གི་དམག་མིའི་རུ་ཁག་གཉིས་དང་མོ་རོ་ཁ་ཆེའི་བཅིངས་འགྲོལ་འཇབ་དམག་ཅེས་པའི་ཁ་བྲལ་ཤོག་ཁག་གི་མི་སྣ་དྲུག་བཅུའི་དབར་དྲག་རྒོལ་གྱི་འཐབ་རྩོད་ནང་གྱེན་ལོག་པ་མང་པོ་རྐྱེན་ལམ་དུ་བཏང་ཡོད་ལུགས་དམག་སྤྱི་ཨེར་ནེསི་ཏོ་རེསེ་ཡིས་འགྲེལ་བརྗོད་གནང་འདུག ཁོང་གིས་རྐྱེན་ལམ་དུ་བཏང་བའི་གྱེན་ལོག་པའི་གྲངས་འབོར་ཁ་གསལ་གསུངས་མི་འདུག་ཀྱང་རྨས་སྐྱོན་ཕོག་པའི་གྲས་སུ་གཞུང་གི་དམག་མི་བདུན་དང་དམག་དཔོན་གཅིག་ཡོད་ལུགས་ངོས་ལེན་གནང་འདུག བར་ལམ་ནས་གཞུང་གིས་ཁ་ཆེའི་གྱེན་ལོག་པའི་ལྟེ་གནས་ཀྱི་ས་ཁུལ་དེར་རང་སྐྱོང་གི་གནས་འབབ་སྤྲོད་རྒྱུའི་ཁས་ལེན་གནང་བ་ཡོད་འདུག་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འགག་པ་གནང་བར་བརྟེན་དྲག་རྒོལ་ཇེ་མང་དུ་བཏང་ནས་ཉེ་བའི་དུས་སུ་གྲོང་གསེབ་བཅུ་གཉིས་ལྷག་ཙམ་ནང་ཡུལ་མི་དང་དམག་མི་དྲུག་ཅུ་ཐམ་པ་རྐྱེན་ལམ་དུ་བཏང་ཡོད་འདུག དེ་རྗེས་སྲིད་འཛིན་གོ་ལོ་རི་ཡ་ཨ་རོ་ཡོ་མཆོག་གིས་གྱེན་ལོག་པ་དང་གཞུང་འབྲེལ་བཅད་དེ་དྲག་རྒོལ་ཆེད་དམག་མི་འཕར་མ་བཏང་ནས་དྲག་རྒོལ་འགོ་འཛུགས་གནང་དགོས་བྱུང་ཡོད་འདུག དེ་ལྟར་ཡང་གཞུང་གིས་གལ་སྲིད་དམག་མི་ཆིག་ཁྲི་ཉིས་སྟོང་ཡོད་པའི་མོ་རོ་ཁ་ཆེའི་བཅིངས་འགྲོལ་མཐུན་བསྐྱོད་ཀྱིས་གོ་མཚོན་ལག་ཆ་བཞག་ནས་མགོ་འགུར་བ་ཡིན་ན་གྲོས་མོལ་གནང་རྒྱུའི་དགོངས་བཞེས་གནང་རྒྱུའི་གསལ་བསྒྲགས་གནང་འདུག