འབར་མའི་ནང་ས་ཡོམ་གྱིས་མི་གྲངས་༧༥ཙམ་རྐྱེན་འདས་སུ་ཕྱིན།
2011.03.26
༄༅༎རེས་གཟའ་ཕུར་བུའི་ཉིན་འབར་མའི་ནང་ས་ཡོམ་གུལ་ཚད་རིམ་པ་དྲུག་དང་གྲངས་ཆུང་བརྒྱད་བྱས་པ་ཞིག་བརྒྱབ་ནས་ད་ལྟའི་ཆར་མི་གྲངས་༧༥ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་བརྒྱ་གྲངས་ལ་སྨས་སྐྱོན་ཕོག་ཡོད་པ་རེད། ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་འབར་མའི་ས་ཆ་དེ་བཞིན་ཐེ་ལན་དང་ལའོ་ཡུལ་གྱི་ས་མཚམས་དང་ཐག་ཉེ་རིང་འཚམས་ཡིན་པ་རེད། དེ་རིང་གཟའ་སྤེན་པའི་ཉིན་རོགས་རམ་བྱེད་མཁན་ཚོས་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་འབར་མའི་ས་གནས་དེའི་ནང་སྐྱོད་བཞིན་ཡོད་པ་དང་། ས་གནས་ནང་ད་དུང་ཡང་མི་མང་པོ་བསྐྱར་དུ་ས་ཡོམ་རྒྱབ་རྒྱུར་ཞེད་སྣང་གིས་རང་ཁྱིམ་དུ་འདོད་མི་ནུས་པར་དགོན་པའི་ཆོས་ཀྱི་བྱེད་སྒོ་སྤེལ་སའི་ཐང་ཆེན་དུ་འཛོམས་ནས་སྡོད་མུས་ཡིན་པ་རེད། ས་གནས་ཀྱི་མི་མང་ཚོས་བརྗོད་པར་གཞིགས་ན་ འབར་མ་གཞུང་གིས་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་རོགས་རམ་ལས་དོན་འདེངས་ངེས་མེད་པ་དང་། མི་མང་པོས་གནས་ཚུལ་ཁག་ཐད་ཀྱི་རླུང་འཕྲིན་རྒྱུད་ལམ་ཉན་ནས་ཤེས་རྟོགས་ཐུབ་ཐབས་བྱེད་བཞིན་ཡོད་པ་རེད།