རྒྱ་གཞུང་གིས་སྐྱེ་རྒུ་མདོ་ས་ཡོམ་ཕོག་ཡུལ་གཙང་མ་བཟོ་འཆར།

སྐྱེ་རྒུ་མདོའི་ཁུལ་གྱི་དགེ་དགུ་གྲོང་མཚོའི་ནང་གི་ས་ཁང་གནོད་འཚེ་ཕྱིན་པའི་ས་རོ་རྡོ་རོ་རྣམས་ལོ་མཇུག་ཏུ་ཆ་ཚང་བ་གཙང་སེལ་ཐུབ་རྒྱུ་ཡིན་སྐོར།

2010.11.28

༄༅༎རྒྱ་ནག་གཞུང་གིས་ཕྱི་ཟླ་བཞི་པའི་ཚེས་༡༤ཉིན་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བྱུང་ཡུལ་སྐྱེ་རྒུ་མདོའི་ཁུལ་གྱི་དགེ་དགུ་གྲོང་མཚོའི་ནང་གི་ས་ཁང་གནོད་འཚེ་ཕྱིན་པའི་ས་རོ་རྡོ་རོ་རྣམས་འདི་ལོའི་ལོ་མཇུག་ཏུ་ཆ་ཚང་བ་གཙང་སེལ་ཐུབ་རྒྱུ་ཡིན་པ་བཤད་ཡོད་པ་རེད།

བོད་ཀྱི་ཁམས་སྐྱེ་རྒུ་མདོའི་ཁུལ་དུ་ཕྱི་ཟླ་བཞི་པའི་ཚེས་༡༤ཉིན་ས་ཡོམ་འགུལ་ཚད་༧དང་གྲངས་ཆུང་གཅིག་རྒྱབ་སྟེ། མི་རྒྱུ་གཉིས་ལ་གནོད་འཚེ་ཚབས་ཆེ་བྱུང་ཡོད་ཅིང༌། ཕྱི་ཟླ་༡༡པའི་ཚེས་༢༦རེས་གཟའ་སྤེན་པའི་ཉིན་སྐྱེ་རྒུ་མདོའི་དགེ་དགུ་གྲོང་མཚོའི་ས་གནས་གཞུང་གི་མགྲིན་ཚབ་པ་ཞིག་གིས། གྲོང་མཚོ་དེའི་ནང་གི་ས་རོ་རྡོ་རོ་བརྒྱ་ཆ་བརྒྱ་བཅུ་ཙམ་གཙང་སེལ་བྱས་ཟིན་པ་དང། འཛུགས་སྐྲུན་སླར་གསོའི་ལས་དོན་ཁག་ཅིག་དགུན་དུས་ཀྱི་གནམ་གཤིས་གྲང་ངར་དེའི་རིང་ལས་མཚམས་བཞག་ཏེ། མིའི་ནུས་ཤུགས་མང་ཆེ་བ་ས་རོ་རྡོ་རོ་གཙང་སེལ་བྱེད་པའི་ལས་དོན་ནང་འདོན་སྤེལ་བྱེད་བཞིནཡོད་ཅེས་བཤད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎