ཧི་མ་ལ་ཡའི་འཁྱགས་རོམ།

ཨ་རིའི་རི་འཛེག་པ་ཞིག་གིས་ཧི་མ་ལ་ཡའི་འཁྱཌ་རོམ་སྐོར་པར་དང་ལོ་རྒྱུས་ཕྱོཌ་སྒྲིག་བྱེད་བཞིན་པ།

ཨ་རིའི་རི་འཛེག་པ་ཞིག་གིས་ཧི་མ་ལ་ཡའི་འཁྱགས་རོམ་སྐོར་པར་དང་ལོ་རྒྱུས་ཕྱོགས་སྒྲིག་བྱེད་བཞིན་པ། ཨེ་ཨེཕ་པི།

༄༅༎ཨ་མེ་རི་ཀའི་Colorado མངའ་སྡེའི་ནང་གནས་སྡོད་རི་འཛེག་མཁན་David Breashears ཞུ་བས་ཧི་མ་ལ་ཡའི་འཁྱགས་རོམ་སྐོར་གྱི་པར་དང་ལོ་རྒྱུས་ཡིག་ཆ་ཚད་ལྡན་ཞིག་བཟོ་བཞིན་པའི་གནས་ཚུལ་འདུག དེ་ཡང་འདི་ལོ་ནི་བསྟན་འཛིན་ནོར་རྒྱས་ལགས་དང་ Edmund Hillary གཉིས་ཀྱིས་གངས་རི་ཇོ་མོ་གླང་མའི་སྟེང་ཐེངས་དང་པོ་འཛེགས་ཐུབ་པ་བྱུང་ནས་ལོ་ངོ་༦༠་འཁོར་བའི་དུས་ཚེས་ཡིན་པ་དང་།  དེ་བཞིན་Hornbein དང་ Unsoeld ཞུ་བ་ཐེ་བའི་ཨ་རིའི་མི་ལྔས་གངས་རི་ཇོ་མོ་གླང་མའི་སྟེང་འཛེགས་ཐུབ་པ་བྱུང་ནས་མི་ལོ་༥༠་འཁོར་བའི་དུས་ཚེས་དེ་ཡིན་པ་དང་།  སྐུ་ཞབས་David ལགས་ཆུང་དུས་སུ་ཨ་རི་བ་མི་ལྔ་པོ་དེས་ཇོ་མོ་གླང་མའི་སྟེང་འཛེགས་ཐུབ་པའི་གནས་ཚུལ་གོ་ནས་གངས་རིར་འཛེགས་རྒྱུ་དང་ཧི་མ་ལ་ཡའི་འཁྱགས་རོམ་སྐོར་ཤེས་འདོད་ཆེན་པོ་བྱུང་ཡོད་འདུག སྐུ་ཞབས་David ལགས་ཀྱིས་བལ་ཡུལ་ཕྱོགས་ནས་ཙམ་མ་ཡིན་པར་བོད་ཕྱོགས་ནས་ཡང་འཁྱགས་རོམ་དང་གནམ་གཤིས་འགྱུར་ལྡོག་ཐོག་བརྟག་དཔྱད་གནང་འདོད་བྱུང་ནས་ཁོང་བོད་དུ་ཕེབས་ནས་ཇོ་མོ་གླང་མའི་པར་ལེན་གནང་ཡོད་འདུག ཁོང་གིས་ཕྱི་ལོ་༡༩༢༡ལོར་བོད་ཕྱོགས་ནས་George Leigh Mallory ཞུ་བས་པར་ལེན་བྱས་པའི་གངས་རི་དང་ས་ཁུལ་དེ་རང་ནས་ཁོང་གིས་པར་ལེན་བྱས་པའི་གངས་རིའི་དབར་ཁྱད་པར་ཇི་ཡོད་བརྟག་དཔྱད་གནང་སྐབས་ཁྱད་པར་ཆེན་པོ་གཟིགས་ནས་ཁོང་ཧང་སང་སོང་ཞེས་གསུངས་བཞག སྤྱིར་བཏང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གནས་ཚུལ་དེ་རྩོད་གཞི་ཅན་ཞིག་ཡིན་ཀྱང་གནམ་གཤིས་འགྱུར་ལྡོག་ནི་མིས་བཟོས་པ་ཞིག་ཡིན་པར་ཡིད་ཆེས་གནང་མཁན་ཚོར་ཨེ་ཤེ་ཡའི་ནང་གི་འགྱུར་ལྡོག་ཐད་བློ་འཚབ་ཆེན་པོ་ཡོང་དགོས་པ་ཞིག་ཡིན་ལུགས་ཁོང་གིས་གསུངས་བཞག མི་ལོ་༣༠ཙམ་གྱི་གོང་སྐུ་ཞབས་David ལགས་ཁོང་ཇོ་མོ་གླང་མའི་སྟེང་འཛེགས་སྐབས་ཁྱོནབསྡོམས་ནས་མི་༣༠ཙམ་གྱི་མ་གཏོགས་ཇོ་མོ་གླང་མའི་སྟེང་འཇེགས་མྱོང་མེད་ཀྱང་དེང་སང་ཧ་ལམ་ཉིན་ལྟར་ཇོ་མོ་གླང་མའི་སྟེང་འཛེགས་མཁན་ཡོད་ལུགས་གསུངས་བཞག  David ལགས་ཀྱིས་ཧི་མ་ལ་ཡའི་འཁྱགས་རོམ་དང་བཞུར་ཚད་སོགས་ཀྱི་པར་དང་ཚད་ལྡན་ཡིག་ཆ་བཟོ་ཆེད་ཧི་མ་ལ་ཡའི་ཕྱོགས་སུ་ཕེབས་ཀྱི་ཡོད་པ་དང་ལས་དོན་དེ་བྱ་རྒྱུར་ཁོང་རང་དགའ་པོ་ཡོད་ལུགས་གསུངས་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org