སློབ་གྲྭ་སྒོ་རྒྱབ་པ་དང་དགེ་རྒན་ལ་ཁྲིམས་ཐག་བཅད་འདུག

མཚོ་སྔོན་གཅན་ཚ་ཕྱོགས་ཀྱི་བོད་མིའི་སྒེར་བཙུགས་སློབ་གྲྭ་ཞིག་རྒྱ་ནག་གིས་སྒོ་རྒྱབ་པ་དང་དགེ་རྒན་ཞིག་ལ་ཁྲིམས་ཐག་བཅད་ཡོད་འདུག

2014.05.06
མཚོ་སྔོན་གཅན་ཚ་ཡན་ལག་སསློབ་གྲྭའི་སྒོ་བྱང་། མཚོ་སྔོན་གཅན་ཚ་ཡན་ལག་སསློབ་གྲྭའི་སྒོ་བྱང་།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

མཚོ་སྔོན་གཅན་ཚ་ཕྱོགས་ཀྱི་བོད་མིའི་སྒེར་བཙུགས་སློབ་གྲྭ་ཞིག་རྒྱ་ནག་གིས་སྒོ་རྒྱབ་པ་དང་དགེ་རྒན་ཞིག་ལ་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

ཡིག་ཐོག་གསར་འགྱུར་།

དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན། མཚོ་སྔོན་ཞིང་ཆེན་གཅན་ཚ་ཕྱོགས་ཀྱི་བོད་མིའི་སྒེར་བཙུགས་སློབ་གྲྭ་ཞིག་རྒྱ་ནག་གིས་སྒོ་རྒྱབ་ཡོད་པ་དང་། སློབ་གྲྭའི་དགེ་རྒན་འཕགས་པ་ཞེས་བ་ཞིག་འཛིན་བཟུང་གིས་མི་ལོ་༡༣གྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག གནས་ཚུལ་བཏང་བ་ལྟར་ན། ན་ནིང་སྤྱི་ལོ་༢༠༡༣་སྤྱི་ཟླ་༤་ཚེས་༢༥་ཉིན་རྒྱ་ནག་གཞུང་གི་ལས་བྱེད་ཡོང་ནས་སློབ་གྲྭ་དེ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བཏང་བ་དང་མཉམ་སྒོ་རྒྱབ་ཡོད་པ་དང་། སློབ་གྲྭ་དེའི་ནང་དགེ་རྒན་བྱེད་བཞིན་པ་ཕ་ཡུལ་རེབ་གོང་ནས་ཡིན་པའི་བོད་མི་འཕགས་པ་ཟེར་བ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བྱས་ཏེ་རྗེས་སུ་མི་ལོ་༡༣་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེ་བཞིན་སྐབས་དེར་དགེ་སློབ་འགའ་ཤས་འཇུ་བཟུང་འདྲི་རྩད་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། སློབ་གྲྭ་དེའི་ནང་སློབ་སྦྱོང་བྱེད་མྱོང་མཁན་ཞིག་གིས་བརྗོད་དོན། སློབ་གྲྭ་དེ་ནི་ས་གནས་བོད་མི་དང་ལྷག་དོན་ཉམས་ཐག་རིགས་ལ་སློབ་སྦྱོང་གི་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་པས་རྒྱ་ནག་གཞུང་གིས་སྒོ་རྒྱག་དགོས་པའི་རྒྱུ་མཚན་གང་ཡང་མཐོང་མ་སོང་ཅེས་ངོ་སྤྲོད་བྱས་ཡོད་། གཅན་ཚ་ཁུལ་ཡན་ལག་སློབ་གྲྭ་དེ་ནི་ཐོག་མར་སྤྱི་ལོ་༢༠༠༣་ལོའི་སྤྱི་ཟླ་༨་ཚེས་༡་ཉིན་ཐོག་མར་ཆེད་འཛུགས་བྱས་ཡོད་པ་ཞིག་དང་། སློབ་གྲྭ་དེའི་ནང་སྤྱི་ལོ་༢༠༠༧་ནས་བཟུང་སློབ་ཕྲུག་ཚོར་བོད་ཀྱི་རྒྱལ་རབས་སོགས་སྐད་ཡིག་རིག་གཞུང་མང་པོ་ཞིག་སློབ་སྦྱོིང་སྤྲོད་ཀྱི་ཡོད་པ་རེད། སློབ་གྲྭ་དེའི་སློབ་ཕྲུག་མང་པོ་ཞིག་ནི་ཨ་མདོི་མཚོ་ལྷོ་སོགས་ནས་ཡོིང་བའི་ཕ་མ་མེད་པའི་དྭ་ཕྲུག་དང་། ཉམས་ཐག་སློབ་ཕྲུག་ཡིན་པ་རེད།

གསར་འགོད་པ་ཕྲ་རིང་བསྟན་ནོར།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎