རྒྱ་ནག་ཏུ་ཨི་ཇིབཏ་ཀྱི་གནས་ཚུལ་ཁྱབ་སྤེལ་དམ་བསྒྲགས།

རྒྱ་ནག་ནང་ཨི་ཇིཔཏ་ནང་རྒྱལ་ཡོངས་ངོ་རྒོལ་ལངས་བའི་གནས་ཚུལ་ཁྱབ་སྤེལ་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་འདུག

2011.01.31

༄༅༎རྒྱ་ནག་གིས་མཛའ་གྲོགས་རྒྱལ་ཁབ་ཨི་ཇིཔཏ་ནང་ཞི་བདེ་སྲ་བརྟན་སླར་གསོ་གང་མྱུར་ཡོང་བའི་འབོད་སྐུལ་བྱས་པ་དང་ཆབ་ཅིག་རྒྱ་ནག་ནང་ཨི་ཇིཔཏ་ནང་རྒྱལ་ཡོངས་ངོ་རྒོལ་ལངས་བའི་གནས་ཚུལ་ཁྱབ་སྤེལ་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་འདུག།

རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས་ཁ་ས་དགོང་དྲོ་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང༌། རྒྱ་ནག་གིས་ཨི་ཇིཔཏ་ནང་གི་གནས་སྟངས་ལ་དོ་སྣང་ཞིབ་མོ་བྱེད་བཞིན་ཡོད་པ་དང༌། ཨི་ཇིཔཏ་ནི་རྒྱ་ནག་གི་མཛའ་གྲོགས་བཟང་པོ་ཞིག་ཡིན་པར་བརྟེན་། ཡུལ་དེའི་ནང་སྤྱི་ཚོགས་བདེ་འཇགས་དང་ཞི་བདེ་སླར་གསོ་གང་མགྱོགས་ཡོང་བའི་རེ་བ་རྒྱ་ནག་གིས་བྱེད་བཞིན་ཡོད་ཅེས་བརྗོད་འདུག།

ཕྱི་རྒྱལ་ཡུལ་ཁག་ནང་མང་ཚོགས་ཁྲོད་ཟིང་ཆ་ལངས་བ་དེས་རྒྱ་ནག་ནང་ཆབ་སྲིད་བཅོས་སྒྱུར་དང་དམངས་གཙོའི་འཕེལ་རིམ་ཐོག་བག་རྐྱེན་བཟོ་སྲིད་པའི་འཇིགས་སྣང་བྱས་ཏེ། རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཨི་ཇིཔཏ་སྐོར་གྱི་གནས་ཚུལ་སྤེལ་མི་ཆོག་པའི་དམ་བསྒྲགས་བྱེད་བཞིན་འདུག། དེ་དང་ཕྱོགས་མཚུངས་རྒྱ་ནག་གིས་ཨི་ཇིཔཏ་ནང་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་འགྲོ་རྒྱུ་དུས་འགྱངས་བྱེད་དགོས་པའི་ཉེན་བརྡ་ཡང་བཏང་བཞག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎