རྒྱ་ནག་གིས་དཔལ་འབར་ཇོ་མོའི་སྟེང་འཁྱེར་རྒྱུར་སྦས་གསང་བྱས་པ།

ཇོ་མོ་གླང་མའི་ས་ཕྱོགས་གང་དུ་དཔལ་འབར་བསྐོར་བསྐྱོད་བྱ་རྒྱུ་ཡིན་མིན་སྐོར་རྒྱ་ནག་གཞུང་གིས་སྦས་གསང་ཆེན་པོ་བྱེད་བཞིན་ཡོད་འདུག

2008.05.01

༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་པིཀ་དཔལ་འབར་གངས་རི་ཇོ་མོ་གླང་མའི་སྟེང་འཁྱེར་རྒྱུའི་གྲ་སྒྲིགས་ཆ་ཚང་བྱས་ཟིན་ལུགས་རྒྱ་ནག་གཞུང་གིས་བརྙན་འཕྲིན་ཐོག་གསལ་བསྒྲགས་བྱས་ཡོད་ཀྱང་། ཇོ་མོ་གླང་མའི་ས་ཕྱོགས་གང་དུ་དཔལ་འབར་བསྐོར་བསྐྱོད་བྱ་རྒྱུ་ཡིན་མིན་སྐོར་རྒྱ་

ག་གཞུང་གིས་སྦས་གསང་ཆེན་པོ་བྱེད་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་འཛིན་སྐྱོང་བྱེད་བཞིན་པའི སིསིཊིབྷི ཞེས་པའི་བརྙན་

འཕྲིན་ལས་ཁང་གིས་དཔལ་འབར་གངས་རི་ཇོ་མོ་གླང་མའི་སྟེང་མཐོ་ཚད་མི་ཊར་ ༨༣༠༠ ་ཙམ་གྱི་སར་འཁྱེར་རྒྱུའི་གྲ་སྒྲིགས་བྱས་ཟིན་

ལུགས་བཤད་འདུག་ཀྱང་། མི་གྲངས་ ༣༡ ་ཡོད་པའི་གངས་འཛེགས་རུ་ཁག་དེ་བཞིན་སུ་ཡིན་མིན་དང་། ས་ཕྱོགས་གང་ནས་འཛེགས་མིན་ད་ལྟ་ས་གནས་གང་དུ་ཡོད་མིན་དང་། ག་དུས་ཇོ་མོ་གླང་མའི་སྟེང་འཛེག་རྒྱུ་ཡིན་མིན་སོགས་གང་ཡང་མ་

བྱས་པར་གསང་བ་ཆེན་པོ་བྱེད་བཞིན་པར་རེད། འོན་ཀྱང་གསར་འགྱུར་བརྒྱུད་ལམ་ཁ་ཤས་ཀྱིས་དཔལ་འབར་དེ་བཞིན་རེས་གཟའ་ལྷག་

པའམ་ཡང་ན་ཕུར་བུའི་ཉིན་གངས་རི་ཇོ་མོ་གླང་མའི་རི་གཤམ་དུ་འབྱོར་བའི་ཚོད་དཔག་བྱེད་ཀྱི་ཡོད་འདུག པེ་ཅིང་ཨོ་ལིམ་པིཀ་རྩེད་འགྲན་

གྲ་སྒྲིགས་ཚོགས་ཆུང་གིས་དཔལ་འབར་གངས་རི་ཇོ་མོ་གླང་མའི་སྟེང་འཁྱེར་རྒྱུའི་སྐོར་འདས་པའི་ཟླ་བ་གཅིག་ལྷག་རིང་དྲིལ་བསྒྲགས་བྱས་མེད་པ་དང༌། དེ་ནི་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་ཚོ་ལས་གཡོལ་ཐབས་བྱས་པ་ཞིག་ཡིན་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་དང་འབྲེལ་བ་བྱས་ཏེ། བལ་ཡུལ་ཕྱོགས་སུ་ཡོད་པའི་གངས་རི་ནས་རི་འཛེགས་པ་བཀག་

ཐབས་བྱེད་བཞིན་ཡིན་འདུག་ལ། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་རྒྱལ་སྤྱིར་སྟོན་ཐབས་སུ་སྐབས་དེར་རྒྱ་ནག་གཞུང་གིས་ སིསིཊིབྷི་ བརྙན་འཕྱིན་ལས་ཁང་གིས་གངས་རི་ཇོ་མོ་གླང་མའི་རི་གཤམ་ནས་རྒྱང་བསྲིང་ཤུགས་ཆེ་བྱ་རྒྱུའི་གྲ་སྒྲིགས་བྱས་དང་བྱེད་མུས་ཡིན་ལུགས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎