རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཧི་མ་ཅཱལ་མངའ་སྡེའི་མཐའ་མཚམས་ས་ཁུལ་ནང་དམག་གི་ས་ཚུགས་གསར་རྒྱག
རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་ཟེར་བས་རྒྱ་གར་གྱི་ཧི་མ་ཅཱལ་མངའ་སྡེའི་མཐའ་མཚམས་ས་ཁུལ་ནང་དམག་གི་ས་ཚུགས་གསར་རྒྱག་གི་ལས་གཞི་རྒྱུན་མཐུད་བྱས་འདུག
- 2021-05-10
-
-
-
རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་ཟེར་བས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་(Lahul)དང་(Spiti)་རྫོང་ཁུལ་གྱི་ས་མཚམས་ས་ཁུལ་ཁག་ལ་དམག་སྒར་རམ་དམག་གི་ས་ཚུགས་གསར་རྒྱག་གི་ལས་གཞི་རྒྱུན་མཐུད་བྱེད་འགོ་ཚུགས་ཡོད་འདུག
དེ་ཡང་རྒྱ་གར་གྱི་ཉིན་རེའི་ཚགས་པར་(The Hindustan Times)་ཡིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་དང་ས་མཚམས་ཁུལ་གྱི་གྲོང་གསེབ་(Shaktot་དང་(Churup)་སོགས་ཀྱི་ཡུལ་མི་ཚོས་སྟོན་ཐོག་གི་ས་བོན་འདེབས་ལས་འགོ་བཙུགས་ཡོད་པའི་སྐབས། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བས་ས་མཚམས་ཁུལ་ལ་དམག་སྒར་རམ་དམག་གི་ས་ཚུགས་གསར་རྒྱག་ཆེད་ས་རྡོ་གཅོག་བྱེད་ཀྱི་འཕྲུལ་ཆས་སོགས་བེད་སྤྱོད་བྱེད་བཞིན་པ་དང་། ཡང་(Spiti)་གཙང་ཆུའི་ཡན་ལག་རྒྱུག་ཆུ་(Pareechu)འི་ཟམ་པའི་གཤམ་དང་། གཞུང་ལམ་ཁག་ལ་རྒྱ་ནག་གི་བཅིངས་གྲོལ་དམག་མིས་རྟོག་ཞིབ་བྱེད་ཀྱི་ཡོད་པ་རྒྱ་གར་ས་སྲུང་མི་སྣས་མཐོང་ཡོད་འདུག
ཡང་ཉེ་དུས་རྒྱ་གར་གྱི་(ITBP)་ཞེས་པའི་ས་སྲུང་ཉེན་རྟོག་པ་ཚོས་རྒྱུན་ལྡན་ལྟར་གསང་བའི་ལས་དོན་ཞིག་སྤེལ་སྐབས། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་མིས་ས་རྡོ་གཅོག་བྱེད་འཕྲུལ་ཆས་ཀྱི་བདག་པོ་ཞིག་དང་མཉམ་དུ་ས་མཚམས་ཁུལ་ལ་དམག་སྒར་རྒྱག་ཆེད་ཡོ་ཆས་ཁག་གོང་ཚད་འགྲིག་འཇགས་ཡོང་ཐབས་ཀྱི་སྐད་ཆ་བཤད་ཡོད་པ་ཤེས་རྟོགས་བྱུང་འདུག
ཡང་(Barangkali)་ས་མཚམས་ཁུལ་ལ་རྒྱ་ནག་གི་དམག་མིས་ལམ་ཁ་དང་ཁང་པ་སོགས་མང་པོ་གསར་རྒྱག་བྱེད་བཞིན་ཡོད་འདུག རྒྱ་མིའི་དམག་གི་ས་ཚིགས་གཏན་འཇགས་གཅིག་(Dumar)་ཞེས་པའི་བོད་ཀྱི་མཐའ་མཚམས་གྲོང་གསེབ་ནང་ཡོད་པ་དང་། དེ་ནི་རྒྱ་གར་གྱི་ས་མཚམས་ཀྱི་ས་ཚིགས་(Lepcha)་དང་ཐག་ཉེ་པོ་ཡོད་འདུག