པ་ཀི་སི་ཐན་གྱིས་འཇིགས་སྐུལ་དྲག་སྤྱོད་པའི་ཐོག་གཏོར་རྒོལ།
པ་ཀི་སི་ཐན་དམག་དཔུང་གིས་ཨབ་ག་ནི་སི་ཐན་ས་མཚམས་ཁུལ་དུ་ཊ་ལི་སྦན་དམག་དཔུང་བཅུ་གྲངས་ཤིག་རྐྱེན་ལམ་དུ་བཏང་ཡོད་པའི་སྐོར།
-
2009-06-27 -
-
-
༄༅༎པ་ཀི་སི་ཐན་དམག་དཔུང་གིས་གཟའ་སྤེན་པའི་ཉིན་ཨབ་ག་ནི་སི་ཐན་ས་མཚམས་ཁུལ་དུ་དམག་ཐབས་བྱས་ནས་ཊ་ལི་སྦན་དམག་དཔུང་བཅུ་གྲངས་ཤིག་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་དང་ཕྱོགས་མཚུངས་པ་ཀི་སི་ཐན་ཉེན་རྟོག་པས་གྲོང་ཁྱེར་ཀ་ར་ཆི་ནང་མེ་མདའ་རྒྱབ་ནས་དྲག་སྤྱོད་ཕྱོགས་ཁག་གི་དམག་མི་ལྔ་རྐྱེན་ལམ་དུ་བཏང་ཡོད་འདུག
པ་ཀི་སི་ཐན་གཞུང་གིས་ཟླ་བ་གཉིས་ཀྱི་གོང་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་གྱི་ལས་དོན་འཐུས་གུ་ཚང་དུ་གཏང་རྒྱུའི་ཐག་གཅོད་བྱས་པའི་རྗེས་པ་ཀི་སི་ཐན་དང་ཨབ་ག་ནི་སི་ཐན་གྱི་ས་མཚམས་ཁུལ་དུ་གནས་པའི་ཊ་ལི་སྦན་འཇིགས་སྐུལ་དྲག་སྤྱོད་པའི་ཐོག་གཏོར་རྒོལ་གྱི་ལས་དོན་ཤུགས་ཆེ་རུ་བཏང་ནས་ད་ཆ་སུའུ་ལྦཏ་དང་སྦུ་ནེར་གྲོང་གསེབ་གཉིས་ཀྱི་ཁུལ་དེ་འཇིགས་སྐུལ་དྲག་སྤྱོད་པར་གཏོར་རྒོལ་གྱི་ཐ་མའི་ས་གནས་ཤིག་ཡིན་པ་དང་པ་ཀི་སི་ཐན་གྱི་དམག་དཔུང་གིས་ས་གནས་དེའི་བརྒྱུད་དུ་འཇབ་འདོད་བྱེད་བཞིན་པའི་འཇིགས་སྐུལ་དྲག་སྤྱོད་ཡོངས་རྫོགས་གཙང་སེལ་བཟོ་རྒྱུའི་གཞུང་གི་བཀའ་བཞིན་གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་དམག་དཔུང་གིས་ས་གནས་དེའི་རི་བོའི་བརྒྱུད་དུ་མཐའ་ཐོག་ནས་གཏོར་རྒོལ་བཏང་ཡོད་པ་དང་དམག་དཔུང་གིས་ད་དུང་ཡང་པ་ཀི་སི་ཐན་གྱི་ལྷོ་ཕྱོགས་ས་མཚམས་ལྦ་ཛི་རི་སི་ཐན་ཁུལ་དུ་དམག་ཐབས་བྱེད་མུས་ཡིན་པ་རེད༎