རྒྱ་ནག་ནང་ལོ་སུམ་ཅུ་རིང་ཆབ་སྲིད་ཐོག་འགྱུར་བ་ཕྱིན་མེད་པ།

རྒྱ་ནག་ནང་དཔལ་འབྱོར་བསྒྱུར་བཅོས་བཏང་ནས་ལོ་ངོ་སུམ་ཅུ་འཁོར་ཀྱང་ཆབ་སྲིད་ཀྱི་ཐོག་ད་ལྟའང་འགྱུར་བ་གང་ཡང་ཕྱིན་མེད་པའི་དཔྱད་ཞིབ།

2008.12.18

༄༅༎རྒྱ་ནག་ནང་དཔལ་འབྱོར་བསྒྱུར་བཅོས་བཏང་ནས་ལོ་ངོ་སུམ་ཅུ་ཐམ་པ་འཁོར་ཡོད་ཀྱང་ཆབ་སྲིད་ཀྱི་ཐོག་ད་ལྟའང་འགྱུར་བ་གང་ཡང་ཕྱིན་མེད་པའི་དཔྱད་ཞིབ་བྱས་འདུག

པེ་ཅིང་ནས་ཨེ་པི་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན་དེ་སྔ་ཕྱི་ལོ་༡༩༧༨ལོར་སྐབས་དེའི་རྒྱ་ནག་གི་འགོ་ཁྲིད་ཏེང་ཤའོ་ཕིང་གིས་རྒྱ་ནག་ནང་དཔལ་འབྱོར་བསྒྱུར་བཅོས་བཏང་ནས་ད་ཆ་ལོ་ངོ་སུམ་ཅུ་འཁོར་གྱི་ཡོད་པའི་དགའ་སྟོན་གྱི་མཛད་སྒོ་ཞིག་ཐོག་དེ་རིང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་མཆོག་ནས་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་ནས་གསུངས་བཤད་གནང་བའི་ནང་རྒྱ་ནག་རང་ཉིད་ཀྱི་སྤྱི་ཚོགས་རིང་ལུགས་དང་བསྟུན་ནས་དཔལ་འབྱོར་གྱི་བསྒྱུར་བཅོས་བཏང་ནས་ད་ཆ་ང་ཚོའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཡར་རྒྱས་ཕྱིན་པའི་གྲུབ་འབྲས་མཐོར་ཆོས་སུ་ཡོད་པ་དེ་རེད་ལ་ད་དུང་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་མང་པོ་བཏོན་དགོས་ཀྱི་རེད། ལྷག་པར་དུ་ཆབ་སྲིད་ཀྱི་གནད་དོན་ཐོག་གྲུབ་འབྲས་ཐོན་པའི་ལས་དོན་སྤེལ་དགོས་ཀྱི་རེད། འོན་ཀྱང་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་ང་ཚོས་ནམ་ཡང་དཔེ་ལེན་གྱི་མ་རེད་ཅེས་གང་ལྟར་རྒྱ་ནག་གཞུང་གི་ངོས་ནས་ཆབ་སྲིད་ཀྱི་བསྒྱུར་བཅོས་གཏོང་རྒྱུ་ཡིན་ནའང་དེ་ཡང་རྒྱ་ནག་རང་ཉིད་ཀྱི་དགོས་མཁོ་དང་འཚམས་པ་ཞིག་གནང་གི་ཡིན་ཞེས་གཏམ་བཤད་སྤེལ་ཡོད་པ་རེད།

མཛད་སྒོ་དེའི་ཐོག་རྒྱ་ནག་གུང་བྲན་ཚོགས་པའི་འཐུས་མི་དང་གནད་ཡོད་དཔོན་རིགས།དམག་སྤྱི་སོགས་མི་གྲངས་དྲུག་བརྒྱ་ཙམ་ནས་མཉམ་ཞུགས་བྱས་ཡོད་འདུག

ཡང་ཧུ་ཇིན་ཏའོ་མཆོག་གི་གསུངས་བཤད་ནང་འདས་པའི་ལོ་ངོ་སུམ་ཅུའི་ནང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་སྤྱི་ཚོགས་བརྟན་ལྷིང་ཡང་གནས་ཐུབ་པ་བྱུང་ཡོད་རེད་ཅེས་དང་དེ་དང་ཕྱོགས་མཚུངས་ལོ་ངོ་སུམ་ཅུའི་ནང་གི་ལས་དོན་གྲུབ་པའི་ཁོངས་སུ་གནད་དོན་གལ་ཆེ་བ་གཞན་ཞིག་ནི་ཐའེ་ལྦན་རང་བཙན་རྩོད་ལེན་ལ་གདོང་ལེན་བྱེད་ཐུབ་པ་བྱུང་ཡོད་ལུགས་གསུངས་འདུག འོན་ཀྱང་ད་ལྟའི་རྒྱ་ནག་གི་གནས་སྟངས་འོག་འཛམ་གླིང་ཁྱོན་ཡོངས་སུ་དཔལ་འབྱོར་གྱི་གོད་ཆགས་ཕོག་པ་དེ་བཞིན་རྒྱ་ནག་ནང་དུའང་དཀའ་ངལ་འཕྲད་རྒྱུ་འགོ་བཙུགས་ནས་བཟོ་གྲྭ་མང་པོ་སྒོ་རྒྱབ་དགོས་བྱུང་བ་དང་མི་མང་པོ་ལས་མེད་གྱུར་བ་དང་དབུལ་ཕྱུག་གི་ཁྱད་པར་ཆེ་རུ་འགྲོ་བཞིན་པ་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའང་རིམ་པས་མང་དུ་འགྲོ་གི་ཡོད་རེད་ཅེས་ཨེ་པི་གསར་འགྱུར་ལས་ཁང་ནས་དཔྱད་གཏམ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎