ཉིན་རྒྱ་དུས་གཅིག་ཏུ་བོད་དོན་ལས་འགུལ།
2011.10.20

སྐལ་བཟང་ཕུན་ཚོགས།ཚེ་རིང་ཆོས་སྒྲོན།དོན་ལྡན་ར་ལོ།ཡེ་ཤེས་བཀྲ་ཤིས།
༄༅།།ཕྱི་ཟླ་༡༠ཚེས་༡༩རེས་གཟའ་ལྷག་པའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་འཛམ་གླིང་ས་ཕྱོགས་ཡོངས་སུ་བོད་ཚོས་གཞིས་ལུས་བོད་མི་ཚོས་འུ་ཐུག་ཐབས་ཟད་ངང་རང་སྲོག་དོར་ཏེ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་བར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་ཉིན་རྒྱ་དུས་གཅིག་ཏུ་ཟས་བཅད་ངོ་རྒོལ་དང༌།རྔམ་སྟོན་ཁྲོམ་སྐོར།མར་མེ་ཁྲོམ་སྐོར།དེ་བཞིན་ས་གནས་དཔོན་རིགས་ཁག་དང་ཡུལ་མི་རྣམས་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ལྡི་ལི།པདྨ་དངོས་གྲུབ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས།དེ་བཞིན་སྒྲོལ་དཀར་ལགས་ཀྱིས་ཝ་ཤིང་ཀྲོན་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་ཞུ༎