སུད་སིར་འུན་ཅ་པའོ་ལ་ངོ་རྒོལ།
2009.01.29

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་དང་པོའི་ཚེས་ཉེར་དགུ་རེས་གཟའ་ཕུར་བུའི་ཉིན་སུད་སི་གྲོང་ཁྱེར་དཱ་ཝོས྄་ནང་འཛམ་གླིང་གི་དབུ་ཁྲིད་རྣམས་དང་དེ་བཞིན་ཚོང་པ་དང་སྙན་གྲགས་ཅན་རྣམས་འཛམ་གླིང་དཔལ་འབྱོར་གྱི་གླེང་སྟེགས་སུ་མཉམ་ཞུགས་གནང་བར་འདུ་འཛོམས་བྱུང་ཡོད་པ་དང་རྒྱ་ནག་གི་སྲིད་བློན་འུན་ཅ་པའོ་ས་གནས་སུ་འབྱོར་སྐབས་སུད་སི་བོད་མི་རྣམས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་བསྒང་ཚེ་རིང་ཕུན་ཚོགས་ལས་ཀྱིས་ས་གནས་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་ཞུ༎