བོད་དོན་ཆེད་རང་ལུས་མེར་བསྲེཊ།
2011.09.26

ངོ་དེབ།
|
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་༩ཚེས་༢༦རེས་གཟའ་ཟླ་བའི་ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་ དགེ་འདུན་པ་བློ་བཟང་སྐལ་བཟང་དང༌།བློ་བཟང་དཀོན་མཆོག་གཉིས་ནས་རྔ་བ་རྫོང་གི་ ཁྲོམ་གཞུང་དུ་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ནང་ཆོས་དད་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་རྗེས་རང་ལུས་མེར་ བསྲེགས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོད་ བསྟན་འཛིན་དབང་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ད་ལྟ་དགེ་འདུན་པ་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང༌། དགེ་འདུན་པ་གཉིས་པ་དེའི་གནས་སྟངས་ཇི་འདྲ་ཡོད་མིན་ཤེས་རྟོགས་ཐུབ་མི་འདུག།