ས་གླང་གནམ་ལོ་གསར་ཚེས།
2009.02.25

ཨེ་ཨེཕ་པི།
༄༅༎བོད་རྒྱལ་ལོ་༢༡༣༦རབ་བྱུང་བཅུ་བདུན་པའི་ས་གླང་གནམ་ལོ་གསར་ཚེས་ཀྱི་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེ་ར་ཆོས་སྡེར་དད་ལྡན་ཆོས་ཞུ་བར་བཀའ་ཆོས་བཀའ་དྲིན་སྩལ་སྐབས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་འབངས་ཡོངས་ལ་འཚམས་འདྲི་གནང་བ་དང་།དེ་བཞིན་བཙན་བྱོལ་བོད་མི་གནས་སྡོད་གང་སར་ལོ་གསར་ཚེས་གཅིག་ཉིན་བོད་ནང་འདས་གྲོངས་སུ་ཕྱིན་པ་དང་བཙོན་དུ་གནས་པའི་བོད་མི་ཡོངས་ལ་བསྔོ་སྨོན་གསོལ་འདེབས་ཆེད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་མང་དང་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ས་གནས་སུ་ཡོད་པའི་གསར་འགོད་པ་རྣམས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་རིམ་བཞིན་གསན་རོགས་ཞུ༎