སུད་སི་བོད་མིས་ཚོགས་འདུ།
2008.10.28

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་དྲ་རྒྱ།
![]() |
གསར་འགྱུར་ལ་གསན། |
༄༅༎ཕྱི་ཟླ་དགུ་པའི་ཚེས་བཅུ་གཅིག་རེས་གཟའ་པ་སངས་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་ཡིག་ཅིག་ཕེབས་པའི་ནང་དོན་ལྟར་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་བར་ལམ་བོད་ནང་དི་ཛ་དྲག་བྱུང་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་རྒྱུའི་ཐག་གཅོད་བྱུང་བ་དང་། ཚོགས་འདུའི་ཐོག་བོད་གཞུང་མང་དང་ས་གནས་ཚོགས་པ་ཁག་གི་བསམ་ཚུལ་བསྡུ་རུབ་བྱ་རྒྱུའི་ཆེད་བོད་མི་གནས་སྡོད་ས་གང་སར་ཚོགས་འདུ་གནང་གི་ཡོད་པ་བཞིན་སུད་སི་ས་གནས་བོད་མི་རྣམས་ནས་གོ་བསྡུར་དང་བསམ་ཚུལ་བསྡུ་ལེན་གྱི་ཚོགས་འདུ་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ས་གནས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎