རྒྱ་གར་ལྷོ་ཕྱོགས་སུ་བཀའ་འགྱུར་ལྗགས་ཀློག་གནང་བ།
2010.05.28
༄༅༎ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་རྩ་བདུན་དང་བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉིན་ནི།བདག་ཅག་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐོག་མ་སྐུ་བལྟམས་པ་དང་།བར་དུ་མངོན་པ་རྫོགས་པ།མཐར་སྐུ་མྱ་ངན་ལས་འདས་པ་བཅས་སྟོན་པའི་དུས་དྲན་ཁྱད་པར་ཅན་གསུམ་འཛོམས་ཀྱི་ཉིན་མོ་དེར།རྒྱ་གར་ལྷོ་ཕྱོགས་བེ་ལ་ཀོ་པི་བཀའ་བརྒྱུད་ན་ལིནྡའི་དགོན་པའི་ནང་དད་ལྡན་བོད་མི་རྣམས་ནས་བཀའ་་འགྱུར་ལྗགས་ཀློག་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་གནོངས༎