ནོ་སྦེལ་ཞི་བདེའི་གཟེངས་རྟགས།
2009.12.10

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།བསྟན་འཛིན་དོན་ཡོད་དང་འཕགས་པ་ཐར།
༄༅༎ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་རེས་གཟའ་ཕུར་བུའི་ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་འབུལ་བཞེས་མཛད་ནས་མི་ལོ་ཉི་ཤུ་ཧྲིལ་པོ་འཁོར་བར་བོད་མི་གནས་འཁོད་ཨིསྟྲེ་ལི་ཡ་དང་།བཞུགས་སྒར་རྡ་རམ་ས་ལ།ལྡི་ལི་སོགས་ས་གནས་གང་སར་སྲུང་བརྩི་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཁག་ནས་གནས་ཚུལ་བཏང་འབྱོར་བྱུང་ཁག་ཅིག་གསན་རོགས༎