བལ་ཡུལ་ནས་བོད་བར་གོམ་བགྲོད།
2008.06.25

ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཐུབ་བསྟན་སངས་རྒྱས།
![]() |
སྒྲ་ལྡན་གསར་འགྱུར། |
༄༅༎འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་དང་ཉེ་ཆར་རྒྱ་གར་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་གར་ཉེན་རྟོག་པས་མཚམས་བཅད་རྗེས་དེ་རིང་བལ་ཡུལ་ནང་བཅའ་སྡོད་བོད་མི་ཁག་ཅིག་ནས་བལ་ཡུལ་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་གནང་བ་ཞིག་གསན་རོགས་གནང༌༎