སྟོང་ལ་ཉེ་བའི་རི་དྭགས་སྲུང་སྐྱོབ་ཆེད་ཀྱི་ལས་འགུལ།
2009.06.29

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
༄༅༎ཕྱི་ཟླ་དྲུག་པའི་ཚེས་ཉེར་དགུ་རེས་གཟའ་ཟླ་བའི་ཉིན་རྒྱ་གར་དང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་འཛམ་གླིང་ནང་གི་སྟོང་ལ་ཉེ་བའི་རི་དྭགས་སྲུང་སྐྱོབ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེ་སློབ་ཕྲུག་རྣམས་ལ་སྟོང་ལ་ཉེ་བའི་རི་དྭགས་སྲུང་སྐྱོབ་དང་གཅེས་སྐྱོང་དགོས་པའི་གོ་རྟོགས་ཀྱི་ལས་འགུལ་སྤེལ་བའི་ཐོག་དཔལ་རྒྱལ་བ་ཀརྨ་པ་མཆོག་ནས་སློབ་ཕྲུག་ཚོར་བཀའ་སློབ་བཀའ་དྲིན་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎