བོད་མི་གསུམ་ལ་བཙོན་ཁྲིམས།

བོད་མི་སྐྱབས་བཅོལ་བའི་འགོ་འཁྲིད་གསུམ་ལ་ཟླ་བ་གསུམ་གྱི་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ།

2008.06.23
བལ་ཡུལ་ཉེན་རྟོག་པས་བོད་མི་ངོ་རྒོལ་འཛིན་བཟུང་བྱེད་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།

སྒྲ་ལྡན་གསར་འགྱུར།

༄༅༎འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བ་བཞིན་བལ་ཡུལ་གཞུང་གི་བཀག་འགོག་ལ་མ་ལྟོས་པར་བོད་མིས་ཚོས་ངོ་རྒོལ་ཤུགས་སྤེལ་བཞིན་ཡོད་སྟབས་ཕྱི་ཟླ་དྲུག་ཚེས་བཅུ་དགུའི་ཉིན་བོད་ཡུལ་སྣེ་ལེན་ཁང་གི་འགན་འཛིན་སྐལ་བཟང་གཅུང་ལགས་དང་ཀཋ་མན་ཌུ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཙོ་ངག་དབང་བཟང་མོ་ལགས་དང་ཚོགས་གཞོན་བཀྲ་ཤིས་སྒྲོལ་མ་ལགས་གསུམ་བལ་ཡུལ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་པ་དང་བལ་ཡུལ་གཞུང་ནས་ཟླ་བ་གསུམ་རིང་གི་བཙོན་དུས་ཁྲིམས་ཐག་བཅད་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎