དགེ་འདུན་པ་གསུམ་འཛིན་བཟུང༌།

རྒྱ་གཞུང་གིས་ཁམས་གསེར་རྟ་བླ་རུང་དགོན་གྱི་གྲྭ་གསུམ་གསང་བའི་ཐོག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

2008.07.10
ཁམས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དགོན།
པར་ཁུངས་ཀླུ་འབུམ་བཀྲ་ཤིས།

གསར་འགྱུར་ལ་གསན།

༄༅༎ཕྱི་ཟླ་བདུན་པའི་ཚེས་བརྒྱད་ཉིན་རྒྱ་ནག་གི་སི་ཁྲོན་ཞེས་པའི་ཞིང་ཆེན་གྱི་མངའ་ཁོངས་བོད་ཀྱི་ཁམས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་དགེ་འདུན་པ་སྐུ་ཞབས་བཀྲ་ཕུན་དང་སྐུ་ཞབས་ངག་ཆུང་དང་སྐུ་ཞབས་མགུ་དྲག་བཅས་གསུམ་གྲེན་ཏུར་དགོན་པའི་དངོས་ཆས་མཁོ་སྒྲུབ་ཆེད་འབྱོར་སྐབས་རྒྱ་མིའི་སྤྱི་བདེ་མི་སྣས་གསང་བའི་ཐོག་འཛིན་བཟུང་བྱས་ཡོད་པའི་སྐོར་འབྲེལ་ཡོད་མི་སྣས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་འགྲེལ་བརྗོད་གནང་བར་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎