༢༠༡༡ལོའི་མཛངས་མ།
2011.06.06

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅༎ཕྱི་ཟླ་༦ཚེས་༥རེས་གཟའ་ཉི་མའི་དགོང་མོ་རྡ་ས་བོད་ཀྱི་ཟློས་གར་ཚོགས་པར་༢༠༡༡ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་ཉིན་མཐའ་མའི་ཐོག་སུད་སི་ནས་ཡིན་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས་སུ་རྒྱལ་ཁ་ཐོབ་ཡོད་པ་རེད།འདི་ལོའི་འགྲན་བསྡུར་གྱི་ནང་ཨོ་སི་ཀྲོ་ལི་ཡ་དང༌། སུད་སི། ཨ་རི་ནས་བུ་མོ་རེ་དང༌།རྒྱ་གར་ནས་བུ་མོ་གསུམ་གྱིས་ཞུགས་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་ཡོད༎