སྭམི་རམ་དེལྦ་རྡ་རམ་སར་ཕེབས།
2010.10.14

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
![]() |
གསར་འགྱུར་ལ་གསན་རོགས། |
༄༅།།ཕྱི་ཟླ་བཅུ་པའི་ཚེས་བཅུ་བཞི་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་སྲོལ་རྒྱུན་ལུས་རྩལ་སློབ་སྟོན་པ་སྭམི་རཱམ་དེཝ་ཡིས་རྡ་ས་ཀ་ཅེ་རིའི་ཐང་ཆེན་དུ་རྒྱ་གར་ས་གནས་ཡུལ་མི་དང་བོད་པའི་དགེ་འདུན་པ།རྡ་སའི་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ཆིག་ཁྲི་ལྔ་སྟོང་ཙམ་ལ་རྒྱ་གར་གྱི་སྲོལ་རྒྱུན་གྱི་ལུས་རྩལ་སློབ་སྟོན་གནང་ཡོད་པ་དང༌།ལུས་རྩལ་སྦྱོང་བརྡར་གྱི་མཛད་སྒོ་དབུ་འཛུགས་མ་གནང་གོང་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་ཞལ་ཁ་ཕྱེ་གནང་བ་དང་སྦྲགས་སྭ་མི་རཱམ་དེཝ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གསུང་བཤད་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎