བོད་རྩ་དོན་ཐོག་གི་ཚོགས་ཆེན།

༸གོང་ས་མཆོག་ནས་བཀའ་ཡིག་ཕེབས་པ་བཞིན་བཀའ་ཁྲི་མཆོག་ནས་ཕྱི་ཟླ་བཅུ་གཅིག་པའི་ནང་འཚོག་རྒྱུ་གཏན་འཁེལ་གསལ་བསྒྲགས་གནང་བ།

2008.09.16
བོད་རྩ་དོན་ཐོག་གི་དམིགས་བསལ་ཚོགས་ཆེན། བཀའ་ཁྲི་མཆོག་ནས་ཕྱི་ཟླ་བཅུ་གཅིག་པའི་ནང་འཚོགས་རྒྱུ་གཏན་འཁེལ་གྱི་གསལ་བསྒྲགས་གནང་བཞིན་པ།
བཙན་བྱོལ་བོད་གཞུང་གི་དྲ་གནས།

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་ཕྱི་ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་རྡ་རམ་ས་ལར་བསྐོང་ཚོགས་གནང་བཞིན་པའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་བཀའ་ཡིག་ཅིག་ཕེབས་གནང་ཡོད་པའི་ནང་དུ་བར་ལམ་བོད་ནང་ཛ་དྲག་གི་འབྱུར་རྐྱེན་དང་རྒྱལ་སྤྱིའི་གནས་བབ་བཅས་བོད་ཀྱི་རྩ་དོན་སོགས་ཀྱི་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་ཆེད་དམིགས་བསལ་ལྷན་ཚོགས་ཤིག་གནང་དགོས་པའི་བཀའ་ཕེབས་པ་ལྟར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་དངོས་སོ་ལས་རིམ་གྲོས་འཆར་དེ་གྲོས་ཚོགས་ནང་འདོན་གནང་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་གནང༌༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎