རྟ་མགྲིན་ཐར་ཆེད་སྨོན་ལམ།

རྟ་མགྲིན་ཐར་ལགས་ཀྱིས་བོད་དོན་ཆེད་རང་སྲོག་བློས་བཏང་གནང་བར་བཞུགས་སྒར་དུ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད།

2012.06.16
ཕྱི་ཚེས་༡༥ཉིན་བཞུགས་སྒར་དུ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་པ།
གཞོན་ནུ།

༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན། བོད་ནང་གི་ཆུ་ཚོད་༦་ཡས་མས་ཤིག་ལ་ཕ་ཡུལ་གཅན་ཚ་འབྲོག་སྡེ་ཞིག་ནས་ཡིན་པའི་བོད་མི་རྟ་མགྲིན་ཐར་ཞུ་བས་རང་ལུས་མེ་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་རྗེས་འདས་གྲོངས་སུ་གྱུར་ཡོད་པར་བརྟེན། ཕྱི་ཚེས་ ༡༥ ཉིན། བཞུགས་སྒར་དུ་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་མྱ་ངན་དང་སྨོན་ལམ་མཆོད་འབུལ་ཞིག་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎