གྲྭ་གཉིས་ནས་རང་ལུས་མེ་བསྲེག
2012.03.30

ཀ་ཉག་ཚེ་རིང༌།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན། བོད་མདོ་སྨད་རྔ་པ་ཁུལ་འབར་ཁམས་རྒྱལ་རོང་མཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་པ་བསྟན་པ་དར་རྒྱས་ལགས་དང་། འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་རང་ལུས་མེ་བསྲེག་བཏང་སྟེ་ངོ་རྒོལ་སྐད་འབོད་གནང་ཡོད་པའི་སྐོར། བཞུགས་སྒར་དུ་རྟེན་གཞི་བྱེད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཀ་ཉག་ཚེ་རིང་ལགས་སུ། རིག་ལྡན་སྒྲོལ་མ་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཞུས་པ་ཞིག་ལ་གསན་རོགས་ཞུ༎