སངས་དགའ་ལ་བཙོན་ཁྲིམས།
2009.01.07

ཀིརྟིའི་བྱེས་པ་གྲྭ་ཚང༌།
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་བཅུ་གཉིས་ཚེས་དགུའི་ཉིན་བོད་མདོ་སྨད་རྔ་བའི་ནང་བོད་མི་སངས་དགའ་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱས་པའི་ནག་ཉེས་འོག་ལོ་བརྒྱད་ཀྱི་བཙོན་ཁྲིམས་བཅད་ཡོད་པའི་སྐོར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་གནང༌༎