རྐང་འཁོར་སྐོར་བསྐྱོད་ལས་འགུལ།
2011.06.18

རོ་ཧི་ནི་ས་གནས་གཞོན་ནུ།
༄༅༎ཕྱི་ཟླ་༦ཚེས་༡༦རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ལྔས་བོད་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་སོགས་ནང་གི་ཞི་རྒོལ་གྱི་ལས་འགུལ་ལ་རྒྱ་གཞུང་གིས་དྲག་གནོན་མུ་མཐུད་སྤེལ་བཞིན་པ་དེ་མཚམས་འཇོག་དགོས་པའི་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུལ་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་ཡོད༎