ཆུ་ལོག་གི་གོད་ཆཊ་ཕོག་པ་རྣམས་ལ་སྨོན་ལམ།

ཀརྨ་པ་མཆོག་དབུ་ཞུཊ་ཐོག་ནས་བོད་མི་ཚོས་ཉེ་ཆར་རྒྱ་གར་ལྷོ་ཕྱོཊ་སུ་ཆུ་ལོག་གི་གོད་ཆཊ་ཕོག་པའི་མི་མང་རྣམས་ལ་སྨོན་ལམ་གསོལ་འདེབས།

2009.11.07
ཀརྨ་པ་མཆོག་ནས་སྨོན་ལམ་གསོལ་འདེབས། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་པར།
ཨེ་ཨེཕ་པི།

༄༅༎ཕྱི་ཟླ་བཅུ་གཅིག་པའི་ཚེས་དྲུག་རེས་གཟའ་པ་སངས་ཉིན།རྒྱ་གར་ལྷོ་ཕྱོགས་མེའི་སུར་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་རྒྱལ་ཡོངས་བཟོ་བསྐྲུན་རིག་གནས་སློབ་གཉེར་ཁང་ཞེས་པའི་མཐོ་སློབ་ཀྱི་ཚོགས་ཁང་དུ།སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་ཞུགས་ཐོག་བོད་མི་སེར་སྐྱ་མི་མང་ཉིས་སྟོང་ལྷག་ནས།འཛམ་གླིང་ཞི་བདེ་དང་ལྷག་པར་དུ་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆུ་ལོག་གི་གོད་ཆགས་ཕོག་པའི་མི་མང་རྣམས་ཀྱི་ཆེད་དུ་སྨོན་ལམ་གསོལ་འདེབས་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་མེའི་སུར་གྲོང་ཁྱེར་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎