ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པ།
2009.09.14

༸གོང་ས་མཆོག་གི་དྲ་གནས།
༄༅༎ཕྱི་ཟླ་དགུ་པའི་ཚེས་བཅུ་གསུམ་རེས་གཟའ་ཟླ་བའི་ཉིན་ཨ་མེ་རི་ཀའི་སྲིད་འཛིན་གྱི་སློབ་སྟོན་པ་བགྲེས་པ་ལྕམ་ཝེ་ལེ་རི་ཇེ་རེཊ་མཆོག་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་འཚམས་འདྲི་གནང་ནས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་ཀྱི་ལྷན་མཇལ་མོལ་གནང་བར་ཕེབས་སྐབས་ལམ་བར་དུ་ས་གནས་བོད་མི་རྣམས་ནས་ཕེབས་བསུ་ཞུས་ཡོད་པ་དང་ཕྱི་ཚེས་བཅུ་བཞི་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་མཇལ་མོལ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎