ནིའུ་ཡོར྄ཀ་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི།
2008.12.11

ནིའུ་ཡོར྄ཀ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཚེ་རིང་དཔལ་ལྡན།
༄༅༎ཕྱི་ཟླ་བཅུ་གཉིས་ཚེས་བཅུ་རེས་གཟའ་ལྷག་པའི་ཉིན་འཛམ་གླིང་མཉམ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་མི་ལོ་དྲུག་ཅུ་ཧྲིལ་པོ་འཁོར་བའི་ཉིན་མོར་ནིའུ་ཡོར྄ཀ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་སར་བོད་དོན་ཆེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ངག་དབང་ཆོས་འཕེལ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་གནང༌༎