རིས་མེད་བོད་ཀྱི་དཔེ་མཛོད།
2008.10.08

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།
![]() |
གསར་འགྱུར་གསན། |
༄༅༎རྒྱ་གར་ལྷོ་ཕྱོགས་བེ་ལ་ཀུ་པོ་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོའི་བོད་མིའི་གཞིས་སྒར་གྱི་ནང་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྲུབ་ཆེད་གཉའ་ཁྲི་ཆོས་རིགས་ཞབས་ཞུའི་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་གནང་བ་དེ་ཉེ་ཆར་དངོས་སུ་དབུ་འབྱེད་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎