བོད་མི་སྐྱབས་བཅོལ་བ་བཟུང༌བ།
2011.09.21

ཨེ་ཨེཕ་པི།
༄༅༎ཉེ་ཆར་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་༢༣བལ་བོད་ས་མཚམས་སུ་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རྣམས་བལ་ཡུལ་ནང་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྟ་རྟོག་ལས་ཁུངས་ལ་རྩིས་སྤྲོད་ཡོང་བའི་ཆེད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་།བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པ་སོགས་ནས་འབོད་སྐུལ་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་གྱིས་བཞུགས་སྒར་རྡ་རམ་ས་ལ་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎