སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང༌།
2012.02.19

གུ་གུལ་དྲ་གནས།
༄༅༎ཕྱི་ཟླ་༢ཚེས་༡༩རེས་གཟའ་ཉི་མའི་ཉིན་མདོ་སྨད་རྔ་པ་ཁུལ་ཛམ་ཐང་བར་མ་ཡུལ་ཚོའི་ རང་ལོ་༡༨ཡིན་པའི་མི་སྐྱ་སྣང་གྲོལ་ལགས་ཀྱིས་འཛམ་ཐང་དགོན་པའི་ཉེ་འདབས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎