ཀརྨ་པ་མཆོག་གི་བཀའ་སློབ།
2012.01.05

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསོད་ནམས་དབང་འདུས།
༄༅༎ཕྱི་ཟླ་༡ཚེས་༥རེས་གཟའ་ཕུར་བུའི་ཉིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བོད་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་ཕེབས་མཁན་བོད་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎