བཀའ་ཁྲི་མཆོག་གི་ལོ་གསར་འཚམས་འཕྲིན་གནང༌།

བཀའ་སྤྱི་གཉིས་ནས་འདི་ལོའི་གསར་ཆོས་ཕྱོགས་ཀྱི་ལམ་ནས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་བ།

2012.02.21
བཀའ་སྤྱི་གཉིས་ནས་འདི་ལོའི་གསར་ཆོས་ཕྱོགས་ཀྱི་ལམ་ནས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་བ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅༎ཕྱི་ཟླ་༢ཚེས་༢༠རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་ལོ་གསར་འཚམས་འདྲི་གནང་བ་དང་སྦྲགས་བོད་མི་ཚོར་ལོ་གསར་ཆོས་ཕྱོགས་ཀྱི་ལམ་ནས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་འདུག
ཁ་ས་ཚེས་ཉི་ཤུ་འཁོད་པའི་འཚམས་འདྲི་གནང་བའི་ནང་། བཀའ་བློན་ཁྲི་པ་མཆོག་གིས། བོད་ནང་ད་ལྟའང་རྒྱ་ནག་གཞུང་ནས་དམག་མི་ཕོན་ཆེ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་།ཕྱི་རྒྱལ་མི་སྣ་དང་།གསར་འགོད་པ་འགྲོ་འོང་མི་ཆོག་པ་སོགས་བོད་ནང་གི་བོད་མི་ཚོ་ཧ་ཅང་ཛ་དྲག་གི་གནས་སྟངས་འོག་ཡོད་པ་བཅས་ལ་བརྟེན་ཐེངས་འདིའི་ལོ་གསར་སྐབས་ཆོས་ཕྱོགས་ཀྱི་མཆོད་འབུལ་གནང་བ་སོགས་ལས་དགའ་སྟོན་སོགས་མི་གནང་བའི་འབོད་སྐུལ་ཞུས་གནང་འདུག
ཡང་འཚམས་འདྲིའི་གསུངས་འཕྲིན་ནང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་གསུམ་བཅུའི་དུས་དྲན་ནས་བཟུང་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་རྒྱུ་ཡིན་པའི་སྐབས་ཚང་མས་ལས་འགུལ་གང་སྤེལ་ཡང་འཚེ་མེད་ཞི་བའི་ལམ་དང་། ཡུལ་གྱི་ཁྲིམས་ལ་སྲུང་བརྩི་ཞུ་བའི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཡང་གནང་འདུག། དེ་དང་ཕྱོགས་མཚུངས་ཡུལ་གྲུ་གང་སར་བོད་དོན་གོ་རྟོག་སྤེལ་ཐབས་དང་། གྲོས་ཚོགས་ཁག་ནང་བོད་ཀྱི་གནས་སྟངས་གླེང་སློང་དང་འབོད་སྐུལ་གྱི་ལས་རིམ་གོ་སྒྲིག་ཞུ་དགོས་པ་མ་ཟད་གྲོས་ཆོད་འཇོག་ཐུབ་པའི་ལས་དོན་ཡང་སྤེལ་དགོས་པའི་སྐུལ་མ་གནང་འདུག
ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་ཀྱང་བཙན་བྱོལ་ནང་གི་བོད་མི་ཚོར་ཆུ་འབྲུག་ལོ་གསར་སྲུང་བརྩི་ཞུ་ཕྱོགས་སྐོར་འབོད་སྐུལ་འདི་ལྟར་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎