བཀའ་བློན་ཁྲི་པའི་གསར་འགོད་ལྷན་ཚོགས།
2011.08.03

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅༎ཕྱི་ཟླ་༨ཚེས་༣རེས་གཟའ་ལྷག་པའི་ཉིན་བོད་མིའི་གསར་འགོད་པ་ཁག་ནས་ཇི་ལྟར་རེ་སྐུལ་ཞུས་པ་བཞིན་བཙན་བྱོལ་བོད་པའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གསར་འགོད་ལྷན་ཚོགས་མཐའ་མ་ཞིག་གནང་བ་དང༌།གསར་འགོད་ལྷན་ཚོགས་ཐོག་དཔལ་འབྱོར་སྒེར་བདག་གི་སྲིད་ཇུས་དེ་ནི་བཀའ་ཤག་གི་ལས་དོན་ནང་གཟེངས་སུ་ཐོན་པ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པའི་བཀའ་སློབ་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎