སློབ་ཕྲུག་ཚོར་ཆབ་སྲིད་ངོ་སྤྲོད།
2011.06.05

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།
༄༅༎ཕྱི་ཟླ་༦ཚེས་༥རེས་གཟའ་ཉི་མའི་ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་།གསར་དུ་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་བླ་བཟང་སེངྒེ་ལགས་གཉིས་ནས་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་ཆབ་སྲིད་དང༌།ཉེ་ཆར་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱི་སྐོར་ངོ་སྤྲོད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱོགས་སྒྲིག་ཞུས་ཡོད༎