དུས་བཀག་ངེས་མེད་ཀྱི་ཟས་བཅད།
2008.07.28

ཨེ་ཨེཕ་པི།
![]() |
གསར་འགྱུར་ལ་གསན། |
༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་འཛམ་གླིང་ཨོ་ལིམ་པིཀས྄་རྩེད་འགྲན་ཚོགས་པའི་ཉིན་གྲངས་དགུའི་སྔ་རོལ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་ཚུགས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུ་རྒྱལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང༌༎