ཕརེངྐ་ཕོརྜ་རུ་༸གོང་ས་མཆོག་ལ་ཕེབས་བསུ།
2009.07.31

བཙན་བྱོལ་བོད་གཞུང་གི་དྲ་གནས།
༄༅༎ཕྱི་ཟླ་བདུན་པའི་ཚེས་སུམ་ཅུ་རེས་གཟའ་ཕུར་བུའི་ཉིན་འཇར་མེན་ནང་ཆོས་ཚོགས་པ་དང་།འཇར་མེན་བོད་ཁང་།ཝེཏ་ནཱམ་གྱི་ནང་པའི་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཇར་མེ་ནིའི་གྲོང་ཁྱེར་ཕརེངྐ་ཕོརྜ་ནང་ཉིན་བཞིའི་རིང་གསུང་ཆོས་གནང་བར་ཕེབས་སྐབས་གྲོང་ཁྱེར་སྤྱི་ཁྱབ་ལྕམ་རོཌ་མཆོག་ནས་ཕེབས་བསུ་ཞུས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཡོ་རོབ་ཁུལ་གྱི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎