༸གོང་ས་མཆོག་པརཱཀ་ནང་ཞབས་སོར་འཁོད།
2008.12.01

ཨེ་ཨེཕ་པི།
![]() |
གསར་འགྱུར་ལ་གསན། |
༄༅༎ཕྱི་ཟླ་བཅུ་གཉིས་ཚེས་གཅིག་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨཕ་རི་ཀའི་ཡུལ་གྲུ་ནཡི་ཇེ་རི་ཡའི་ནང་གི་མཛད་འཕྲིན་ལགས་པར་གྲུབ་རྗེས་ཕྱི་ཟླ་བཅུ་གཅིག་ཚེས་སུམ་ཅུའི་ཉིན་ཡོ་རོབ་ཀྱི་ཡུལ་གྲུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པརཱཀ་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་དེ་རིང་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎