བླ་སྤྲུལ་རྣམས་ལ་བཀའ་སློབ།
2009.06.19

ཨེ་ཨེཕ་པི།
![]() |
གསར་འགྱུར་ལ་གསན། |
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་ཡོ་རོབ་ཀྱི་ཡུལ་གྲུ་བཞིའི་ནང་ཆིབས་བསྒྱུར་གནང་སྐབས་ཕ་རེན་སིའི་རྒྱལ་ས་པེ་རིས྄་ནང་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་རྣམས་ལ་དམིགས་བསལ་བཀའ་སློབ་བསྩལ་སྐབས་དེང་སྐབས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་གི་ནང་བཞུགས་པའི་བླ་སྤྲུལ་དགེ་འདུན་པ་རྣམས་ནས་ཆོས་དང་མཐུན་པའི་སྤྱོད་པ་ཉམས་སུ་ལེན་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།ཕྱིའི་རྒྱལ་ཁབ་ནང་བཞུགས་སྐབས་རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་མཐུན་དགོས་པའམ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་འདུལ་བ་རྣམ་པ་བཞི་ལས་དོན་མཐུན་པ་དང་དོན་སྤྱོད་པ་དགོས་པའི་བཀའ་སློབ་བཀའ་དྲིན་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎